ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

9cb9b1df472beeae71fa00b971b5ba59.jpg

     ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་ཡོང་བའི་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་མཛད།

 438bbe896166a2447bc76cbb3f9178f8.jpg

     ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་ཡོང་བའི་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་མཛད།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་པར་ཡོང་བའི་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་མཛད། ཕྱོགས་གཉིས་བར་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན་ནས། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་འབྲེལ་བའི་མ་འོངས་པ་བཟང་བོ་གསར་གཏོད་བྱེད་རྒྱུར་གཅིག་གྱུར་སྒོས་འཐད་པ་བྱུང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ལའོ་ཝུའོ་རྒྱལ་ཁབ་གཉིས་ནི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་ཚོགས་པ་ཡིན་པས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་དམ་པོར་བཟུང་སྟེ། ཀྲུང་གོ་དང་ལའོ་ཝུའོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཡུན་རིང་དང་བདེ་བླག བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དང་ཁྱད་པར་དུ་ཆེས་མཐོའི་མགོ་ཁྲིད་པའི་བར་འགྲོ་འོང་དམ་པོ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་གནད་དོན་གལ་ཆེན་ཐད་ལ་དུས་ཐོག་ཏུ་བསམ་འཆར་བརྗེ་རེས་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་སྣེ་ཁྲིད་དང་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་དགོས་པར་མ་ཟད། ཏང་གཉིས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཏང་བཅོས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་དང་དཔྱད་གཞིར་བཟུང་ནས། སྲིད་འཛིན་ནུས་པ་དང་ཆུ་ཚད་མཉམ་དུ་མཐོར་འདེགས་སུ་གཏོང་དགོས། མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་བར་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་ལས་ཇུས་གཞིའི་རྩ་གནད་བཀོད་པ་དང་བསྟུན་ནས། འཕེལ་རྒྱས་འཐབ་ཇུས་ཐད་འབྲེལ་འདྲིས་དམ་པོ་བྱེད་པ་དང་། མཉམ་ལས་ལས་གཞི་གཙོ་བོའི་ཐད་ནས་གཞོགས་འདེགས་དམ་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

པུན་དབྱང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་རྟེན་འབྲེལ་ཞུས། ཁོས་ཏང་གཉིས་ཀྱི་མགོ་ཁྲིད་པའི་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་དང་ལས་བྱེད་པ་བརྗེ་རེས་གསོ་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། དཔལ་འབྱོར་དང་ཉོ་ཚོང་། དངུལ་གཏོང་། རྨང་གཞིའི་འཛུགས་སྐྲུན། ས་གནས་བཅས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་དང་ཐ་ན་ས་ཁུལ་རང་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།

གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་དཔལ་འབྱོར་ལག་རྩལ། སློབ་གསོ། གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།