ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་བར་གྱི་ཉོ་ཚོང་སྤྱི་གྲངས་སྒོར་དུང་ཕྱུར་ཁྲི20རུ་སླེབས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཟླ5པའི་ཚེས10ཉིན་བསྡུས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཚོང་དོན་པུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་མཚམས་སྦྱོར་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་བཏོན་པའི་ཚུན་དུ། ལམ་རྒྱུད་རྒྱལ་ཁབ་ལ་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ནས་ཐོབ་པའི་གྲུབ་འབྲས་ཆེན་པོ་ནི་མིག་མཐོང་ལག་ཟིན་ཡིན་པས། ལམ་རྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐྱེ་སྟོབས་གསར་པ་བསྣན། མཚམས་སྦྱོར་བྱས་པ་ལྟར་ན། ཉོ་ཚོང་ཐད་ནས་ཀྲུང་གོ--མནའ་འབྲེལ་ཤར་མ་དངོས་མང་འགྲེམ་སྟོན་ཚོགས་འདུ་དང་ཀྲུང་གོ—ཨ་ཤེ་ཡ་ལྷོ་མ་དངོས་མང་འགྲེམ་སྟོན་ཚོགས་འདུ། ཀྲུང་གོ—ཨ་ཤེ་ཡ་དང་ཡོ་རོབ་དངོས་མང་འགྲེམ་སྟོན་ཚོགས་འདུ། ཀྲུང་གོ—ཨ་རབ་དངོས་མང་འགྲེམ་སྟོན་ཚོགས་འདུ་སོགས་ཀྱི་དངོས་མང་འགྲེམ་སྟོན་ཚོགས་འདུའི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁེ་ལས་ཀྱིས་ཕན་ཚུན་འབྲེལ་མཐུད་དང་བརྗེ་རེས་བྱེད་པར་སྐུལ་འདེད་དང“རྒྱུད་གཅིག་ལམ་གཅིག”གི་ཚོང་གླགས་མཉམ་སྤྱོད་བྱས་པ་རེད། 2014ལོ་ནས2016ལོའི་བར་ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་བར་ཀྱི་ཉོ་ཚོང་སྤྱི་གྲངས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི20རུ་སླེབས་ཤིང་། འཕར་ཚད་སའི་གོ་ལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད། མ་དངུལ་གཏོང་བ་དང་མཉམ་ལས་བྱས་པའི་ཐད་མུ་མཐུད་དུ་ཞབས་ཞུའི་འགན་སྲུང་ཇེ་དྲག་ཏུ་བཏང་བ་དང་། ཁེ་ལས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ཏུ་མ་དངུལ་བཏང་ནས་ཁེ་ལས་བསྐྲུན་པར་སྐུལ་མ་བཏང་། 2014ལོ་ནས2016ལོའི་བར་ཀྲུང་གོ་ཁེ་ལས་ཀྱིས་ལམ་རྒྱུད་རྒྱལ་ཁབ་ལ་ཐད་ཀར་བཏང་བའི་མ་དངུལ་ཨ་སྒོར་དུང་ཕྱུར500ལས་བརྒལ། ལམ་རྒྱུད་རྒྱལ་ཁབ་ཏུ་གསར་དུ་གན་རྒྱ་བཞག་པའི་ཕྱི་ཕྱོགས་འགན་གཙང་ལེན་བྱས་པའི་བཟོ་བཀོད་ཀྱི་མ་དངུལ་ཨ་སྒོར་དུང་ཕྱུར3049རུ་སླེབས། དུས་མཚུངས་སུ་ཕྱི་རྒྱལ་གྱི་མ་དངུལ་བཞག་ཆོག་པའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་གཉེར་ཚོང་ཁོར་ཡུག་བསྐྲུན་ནས་ལམ་རྒྱུད་ཀྱི་རྒྱལ་ཁབ་ཀྲུང་གོར་མ་དངུལ་གཏོང་དུ་ཡོང་བར་བཀུག རྒྱལ་ཁོངས་ཕྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ནས་རང་རྒྱལ་ཁེ་ལས་ཀྱིས་སྔ་གཞུག་ཏུ་ལམ་རྒྱུད་རྒྱལ་ཁབ20རུ་རྒྱལ་ཁོངས་ཕྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ56བཙུགས་ཡོད། མིག་སྔའི་བར་རིམ་བསགས་ཀྱིས་བཏང་བའི་མ་དངུལ་ཨ་སྒོར་དུང་ཕྱུར185ལས་བརྒལ་ཏེ། མགྲོན་བདག་རྒྱལ་ཁབ་ལ་ཨ་སྒོར་དུང་ཕྱུར11ལས་བརྒལ་བའི་དཔྱ་ཁྲལ་དང་ལས་རྐང་ཁྲི18བསྐྲུན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།