ཀྲུང་གོ་བོད་ཀྱི་དྲ་བ།

རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་ཡིག་ཆ་གལ་ཆེན་ཕྱོགས་སྒྲིག་ཅེས་པའི་དཔེ་དེབ་པར་དུ་བསྐྲུན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་ཡིག་ཆ་གལ་ཆེན་ཕྱོགས་སྒྲིག་ཅེས་པའི་དཔེ་དེབ་མི་དམངས་ཉིན་རེའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པར་མ་ཟད། ཟླ་ལྔ་བའི་ཚེས་བཅུ་དགུ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཚོང་ཁང་ནས་འགྲེམ་སྤེལ་བྱེད་མགོ་བརྩམས།

དཔེ་དེབ་དེའི་ནང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་ཁ་ཡིག་ལ་ལག་གདང་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྒོར་ཅོག་མཐོ་རིམ་གྲོས་ཚོགས་ཀྱི་མཉམ་འབྲེལ་གསལ་སྒྲོག རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་གསལ་ཁྲ་བཅས་ཡིག་ཆ་གལ་ཆེན་བསྡུས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།