ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུའུ་ཏུང་དབྱི་ཀྲུང་གོ་གོ་མིན་ཏང་གི་ཀྲུང་ཞིར་བདམས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས་ཉི་ཤུ་ཉིན་ཝུའུ་ཏུང་དབྱི་ལ་གློག་འཕྲིན་བཏང་སྟེ། ཁོ་རང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས་པ་དང་། ཏང་གཉིས་ཀྱིས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་པ་འདུ་ཤེས་སུ་བརྩིས་ཏེ། གོ་གཉིས་ལོའི་ཐུན་མོང་གི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་དམ་པོར་བཟུང་སྟེ། མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།

ཉིན་དེར། གསར་དུ་བདམས་པའི་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཝུའུ་ཏུང་དབྱི་ཡིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱིར་གློག་འཕྲིན་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་དྲིན་ཞུས་པར་མ་ཟད། ཏང་གཉིས་ཀྱིས་གོ་གཉིས་ལོའི་ཐུན་མོང་གི་ལྟ་བ་མུ་མཐུད་གཏིང་ཟབ་ཏུ་སྤེལ་ཏེ། མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་ལམ་ལུགས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་དར་སྤེལ་བྱས་ནས། མཚོ་འགག་འགྲམ་གཉིས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ་དང་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་ཀྱི་མདུན་ལྗོངས་གསར་གཏོད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།