ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཆི་པའོ་ཡིས་ཞིན་ཧྭ་དཔེ་ཚོང་ཁང་བཙུགས་ནས་ལོ་བརྒྱད་ཅུ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་དཔེ་སྐྲུན་འགྲེམ་སྤེལ་ལས་རིགས་ཀྱི་ཐབས་ལམ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

aef2d1fdb1871b43dff6572027ffd0a0.jpg

ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་པེ་ཅིན་ནས་ཞིན་ཧྭ་དཔེ་ཚོང་ཁང་བཙུགས་ནས་ལོ་བརྒྱད་ཅུ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་པེ་ཅིན་ནས་ཞིན་ཧྭ་དཔེ་ཚོང་ཁང་བཙུགས་ནས་ལོ་བརྒྱད་ཅུ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས། ཚོགས་འདུའི་སྟེང་ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། དཔེ་སྐྲུན་འགྲེམ་སྤེལ་ལས་རིགས་ཀྱི་ཐབས་ལམ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཏང་གི་རིགས་གཞུང་དང་ལམ་ལུགས། བྱེད་ཕྱོགས་སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཀློག་པ་པོར་སྔར་ལས་བཟང་ཞིང་སྔར་ལས་མང་པོའི་བསམ་པའི་འཚོ་བཅུད་འདོན་སྤྲོད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་རིག་གནས་ཀྱི་ཁོར་ཡུག་བཟང་བོ་སྐྲུན་དགོས་ཞེས་ནན་གྱིས་བསྟན།

ལིག་ཆི་པའོ་ཡིས་ནན་གྱིས་བཤད་རྒྱུར། ཞིན་ཧྭ་དཔེ་ཚོང་ཁང་ནི་ང་ཚོ་ཏང་གིས་ཐད་ཀར་གསར་འཛུགས་དང་མགོ་ཁྲིད་བྱེད་པའི་དཔེ་སྐྲུན་འགྲེམ་སྤེལ་ལས་ཁུངས་ཤིག་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་། གསར་བརྗེའི་རིག་གནས་འདོན་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཕུལ་བྱུང་རིག་གནས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་འགན་འཁྲི་སྔར་ལས་བཟང་བོར་འཁུར་དགོས་པར་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་དང་ཏང་དང་རྒྱལ་ཁབ་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་འགྲེམ་སྤེལ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་བརྗོད་བྱ་གཙོ་བོའི་དཔེ་སྐྲུན་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།