ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ས་གནས་སོ་སོས་དབང་བོ་སྐྱོན་ཅན་གྱི་ལུས་གསོ་ཞབས་ཕྱིའི་བྱ་བ་བཟང་བོར་བསྒྲུབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན་ནི་རྒྱལ་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ཉིན་མོ་ཐེངས་ཉེར་བདུན་པ་རེད། ད་ལོའི་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་བྱ་བའི་བརྗོད་བྱ་གཙོ་བོ་ནི་དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པ་དང་། བདེ་ཐང་གིས་འབྱོར་འབྲིང་འགྲུབ་པར་བྱེད་པ་དེ་རེད། རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་རྒྱབ་སྐྱོར་འོག ས་གནས་སོ་སོས་དབང་བོ་སྐྱོན་ཅན་གྱི་ལུས་གསོ་ཞབས་ཕྱི་བྱ་བ་བཟང་བོར་བསྒྲུབས་ཏེ། སྔར་ལས་མང་པོའི་དབང་བོ་སྐྱོན་ཅན་ལ་ནུས་ཡོད་སྒོས་ལུས་གསོ་ཞབས་ཕྱི་བསྒྲུབས།

ཀན་སུའུ་དང་ཅང་སུའུ། ལེའོ་ཉིན། ཧྲན་ཏུང་ཐའེ་ཨན་སོགས་རྫོང་དང་གྲོང་ཁྱེར་ཉིས་སྟོང་བཅོ་ལྔ་ལྷག་གིས་སྡོད་ཁུལ་ལུས་གསོ་བྱ་བ་བསྒྲུབས་ཏེ། དབང་བོ་སྐྱོན་ཅན་ལ་རང་ཁྱིམ་ནས་ལུས་གསོ་ཞབས་ཕྱི་བསྒྲུབས།

ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། 2016ལོའི་ལོ་མཇུག་བར་དུ། གནད་ཕིགས་ལུས་གསོ་ཞབས་ཕྱི་སྤེལ་སྐབས། དབང་བོ་སྐྱོན་ཅན་གྱི་བྱིས་པ་ས་ཡ་གཉིས་དང་འབུམ་བདུན་ཁྲི་དགུ་སྟོང་དགུ་ལྷག་དང་དཔང་ཡིག་བླངས་ཡོད་པའི་དབང་བོ་སྐྱོན་ཅན་ལ་གཞི་རྩའི་ལུས་གསོ་ཞབས་ཕྱི་ཐོབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།