ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ལྷོ་སྣེ་ཆིངས་ཡིག་གྲོས་མོལ་ཚོགས་འདུ་སྐབས་བཞི་བཅུ་བའི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张高丽.jpg

ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། ལྷོ་སྣེ་ཆིངས་ཡིག་གྲོས་མོལ་ཚོགས་འདུ་སྐབས་བཞི་བཅུ་བ་པེ་ཅིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ། 

张高丽:2.jpg

 张高丽:3.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལྷོ་སྣེ་ཆིངས་ཡིག་གྲོས་མོལ་ཚོགས་འདུ་སྐབས་བཞི་བཅུ་བ་ཚེས་ཉེར་གསུམ་ཉིན་པེ་ཅིན་ནས་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ཞུ་ཚིག་ཕུལ།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོས་ལྷོ་སྣེ་བཅོས་སྐྱོང་དང་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་སྣེར་ཚན་རིག་དང་མཐུན་པའི་སྒོས་བརྟག་དཔྱད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། མིའི་རིགས་ལ་བདེ་སྐྲུན་སྐྲུན་པའི་བླ་མེད་ལས་དོན་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ལྷོ་སྣེར་སྔར་ལས་ངོས་འཛིན་བཟང་བོ་དང་སྲུང་སྐྱོབ་བཟང་བོ། བེད་སྤྱོད་བཟང་བོ་བཅས་བྱེད་འདོད་ཡོད་ཅེས་གསུངས། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ལྷོ་སྣེ་རྟེན་གཞིར་བརྟག་དཔྱད་བྱེད་པའི་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས་ཞེས་གསུངས། ལྷོ་སྣེ་ས་ཁུལ་གྱི་ས་བབ་དང་སྐྱེ་ཁམས་ཁོར་ཡུག་ལ་ཐུན་མོང་མ་ཡིན་པིའ་ཁྱས་ཆོས་ལྡན་པས། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་འཚོ་གནས་དང་གོང་འཕེལ་གཏོང་བར་ཤུགས་རྐྱེན་གལ་ཆེན་ལྡན་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཀྲུང་གོ་ནི་ལྷོ་སྣེར་རྒྱལ་སྤྱིའི་བཅོས་སྐྱོང་བྱེད་པའི་ཁྲོད་ཀྱི་ཞུགས་མཁན་གལ་ཆེན་དང་། ལྷོ་སྣེར་ཚན་རིག་ལྟར་འཚོལ་ཞིབ་བྱེད་པར་ཡར་སྐུལ་གཏོང་མཁན། ལྷོ་སྣེའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལག་ལེན་བྱེད་མཁན་བཅས་ཡིན། ཁོང་གིས་ཞི་བདེ་དང་བརྟན་འཇགས། ལྗང་མདོག རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ལྷོ་སྣེ་ཞིག་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། ང་ཚོས་མི་རབས་རྗེས་མར་བཞག་པའི་དམ་བཅའ་ཡང་ཡིན་ཞེས་ནན་གྱིས་གསུངས།

ཀྲང་ཀའོ་ལིས་ཀྱིས་གྲོས་གཞི་ལྔ་བཏོན་པ་སྟེ། གཅིག་ནི་ཞི་བའི་སྒོ་ནས་ལྷོ་སྣེ་བེད་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནི་ལྷོ་སྣེ་ཆིངས་ཡིག་མ་ལག་བརྩི་སྲུང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནི་འདྲ་མཉམ་དང་གྲོས་མོལ་གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ནས། ལྷོ་སྣེའི་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དགོས། བཞི་ནི་ལྷོ་སྣེར་ཚན་རིག་ལྟར་བརྟག་དཔྱད་བྱེད་པའི་རང་དབང་རྒྱུན་འཁྱོངས་བྱེད་དགོས། ལྔ་ནི་ལྷོ་སྣེའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།