ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྒྱལ་ཁབ་ལས་རིགས་ཐོབ་ཐང་དཀར་ཆག་བཙུགས་ཏེ། ལས་ཞུགས་ལས་སྐྲུན་བྱེད་དཀའ་བའི་གནད་དོན་ཐག་གཅོད་དང་ལས་རིགས་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུའི་ཐག་བཅད་པ་དང་། རྒྱལ་ཡོངས་ཚོང་གཉེར་ལས་དོན་གཞི་གཅིག་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་སྒོ་འབྱེད་དང་སྟབས་བདེའི་ཚོང་གཉེར་ཁོར་ཡུག་སྐྲུན་པར་བཀོད་སྒྲིག་བྱས་པར་མ་ཟད། ཁང་རྙིང་ཁུལ་བསྒྱུར་བཀོད་བྱ་བའི་སྐོར་གྱི་ཡར་ཞུ་ལ་ཉན་ཏེ། ཕྱིན་ཆད་ལོ་གསུམ་རིང་གི་ཁང་རྙིང་ཁུལ་བསྒྱུར་བཀོད་བྱ་བའི་དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།