ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་ཀྱི་མཛའ་འབྲེལ་ཚོགས་པ་བཙུགས་ནས་ལོ་འཁོར་བཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་ཀྱི་མཛའ་འབྲེལ་ཚོགས་པ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་ཀྱི་མཛའ་འབྲེལ་ཚོགས་པའི་ཁོངས་མི་ཡོངས་དང་རྒྱ་ཆེའི་ཐེ་ཝན་གྱི་ཚོང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ང་ཚོས་ཐོག་མར་རྒྱ་ཆེའི་ཐེ་ཝན་སྤུན་ཟླར་སྐམ་ས་ཆེན་པོའི་འཕེལ་རྒྱས་གོ་སྐབས་ལོངས་སྤྱོད་བྱེད་དུ་འཇུག་འདོད་ཡོད་པ་དང་ཐེ་ཝན་སྤུན་ཟླ་སྐམ་ས་ཆེན་པོར་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་བ་ཡིན། ང་ཚོས་མུ་མཐུད་དུ་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱེད་པར་ཞིབ་འཇུག་བྱས་ཏེ། ཐེ་ཝན་སྤུན་ཟླས་སྐམ་ས་ཆེན་པོ་རུ་སློབ་སྦྱོང་དང་ལས་ཞུགས། ལས་སྤེལ་བཅས་བྱེད་པ་དང་འཚོ་བ་རོལ་བར་སྟབས་བདེ་གང་མང་སྐྲུན་པར་མ་ཟད་ཐེ་ཝན་སྤུན་ཟླའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་ཐེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་ཀྱི་མཛའ་འབྲེལ་ཚོགས་པས་ཡང་འབད་བསྐྱར་འབད་བྱེད་པ་དང་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཐེ་ཝན་སྤུན་ཟླར་མཐུན་སྒྲིལ་བཟང་བོ་བྱེད་པ་དང་མཉམ་དུ་གསར་གཏོད་བརྩོན་ལེན་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།