ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་ཀྲུང་གོ་ཞིང་ལས་ཚན་རིག་གླིང་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་ཀྲུང་གོ་ཞིང་ལས་ཚན་རིག་གླིང་བཙུགས་ནས་ལོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། ཞིང་ལས་ཚན་རིག་ཞིབ་འཇུག་མི་སྣ་ཡོངས་དང་རྒྱ་ཆེའི་ཞིང་ལས་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་བྱས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ལོ་དྲུག་ཅུའི་རིང་ལ། ཀྲུང་གོ་ཞིང་ལས་ཚན་རིག་གླིང་གིས་འགན་འཁྲི་ཡིད་ལ་དམ་པོར་བཟུང་ཞིང་སྤོབས་པ་ཆེན་པོས་ཁག་ཁུར་བྱས་པ་དང་། རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་ཀྱི་ཚན་རིག་གནད་དོན་གལ་ཆེན་ཐག་གཅོད་པའི་བྱ་བ་བཟང་བོར་སྒྲུབ་ནས། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལྡན་པའི་གསར་རྩོམ་གྲུབ་འབྲས་སྐོར་ཞིག་བླངས་པ་དང་། ཞིང་ལས་ཚན་རྩལ་གྱི་ཤེས་ལྡན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱས་ནས། རང་རྒྱལ་གྱི་ཞིང་གསུམ་ལས་དོན་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞིང་ལས་ཚན་ཞིབ་རྒྱལ་ཁབ་རུ་ཁག་ཡིན་པའི་ཆ་ནས་ཀྲུང་གོ་ཞིང་ལས་ཚན་རིག་གླིང་གིས་འཛམ་གླིང་གི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ལ་ཁ་ཕྱོགས་པ་དང་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། དེང་རབས་ཞིང་ལས་འཛུགས་སྐྲུན་གྱི་འཐབ་ཡུལ་གཙོ་བོར་ཁ་ཕྱོགས་ཏེ། འཛམ་གླིང་དུ་མིང་གྲགས་ཆེ་བའི་བསླབ་ཚན་དང་ཚན་ཞིབ་སློབ་གླིང་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། སྤོབས་པ་ཆེན་པོས་རྩེར་སོན་ཞིང་རང་ཞིང་གི་ཞིང་ལས་ཚན་རྩལ་ཆུ་ཚད་ཇེ་མཐོར་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།