ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང་ཀྲུང་དབྱང་གི་འདུ་ཤེས་འཛིང་སྟངས་ལས་ཁུངས་ཀྱི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་བྱ་བ་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཏུ་བརྩིས་ཏེ། སྐོར་ཞིབ་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐད་ལ་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་གཏན་འཁེལ་བྱས་ཤིང་། ཏང་ནང་ཁུལ་གྱི་ལྟ་རྟོག་དང་མང་ཚོགས་ཀྱི་ལྟ་རྟོག་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྐོར་ཞིབ་ལམ་ལུགས་ལ་གསོན་ཤུགས་གསར་བ་རྒྱས་སུ་བཅུག ལག་ལེན་དངོས་ལས་སྐོར་ཞིབ་བྱ་བ་ནི་རྩ་ལག་མཉམ་བཅོས་བྱེད་པའི་གཞི་རྩའི་བྱེད་ཐབས་ཡིན་པས། ངེས་པར་དུ་རྒྱུན་འཁྱོངས་ཁྲོད་ནས་ཟབ་སྤེལ་བྱེད་པ་དང་ཟབ་སྤེལ་ཁྲོད་ནས་རྒྱུན་འཁྱོངས་བྱས་ཏེ། རྩ་ལག་མཉམ་བཅོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་བདེན་དཔང་བྱས་ཡོད་ཟེར།

ཚོགས་ཐོག་ནས་བསྟན་དོན། འདུ་ཤེས་འཛིན་སྟངས་བྱ་བ་ནི་ཏང་གི་བྱ་བ་གལ་ཆེན་ཞིག་ཡིན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྐོར་ཞིབ་ཀྱིས་དྲིལ་སྒྲོག་དང་རིག་གནས། གསར་འགྱུར་སོགས་ལས་ཁུངས་ལ་ཁྱོན་ཡོངས་ནས་ཆབ་སྲིད་ཉམས་ལེན་བྱས་ཤིང་། ཏང་གིས་འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་པ་དང་། འདུ་ཤེས་འཛིན་སྟངས་གཡུལ་སའི་འཛུགས་སྐྲུན་ལ་ཡར་སྐུལ་བཏང་བར་མ་ཟད། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།