ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་འཇར་མན་གྱི་ཙུང་ལི་དང་མཉམ་དུ་ཀྲུང་འཇར་གླེང་སྟེགས་ཏེ་གསར་གཏོད་མཉམ་བྱེད་ཅེས་པར་ཞུགས་པར་མ་གཏམ་བཤད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5.jpg

ས་དེའི་ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེར་ལིན་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་ཀྲུང་འཇར་གླེང་སྟེགས་ཏེ་གསར་གཏོད་མཉམ་བྱེད་ཅེས་པར་ཞུགས་པ་མ་ཟད་གཏམ་བཤད་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེར་ལིན་ནས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་ཀྲུང་འཇར་གླེང་སྟེགས་ཏེ་གསར་གཏོད་མཉམ་བྱེད་ཅེས་པར་ཞུགས་པ་མ་ཟད་གཏམ་བཤད་སྤེལ།

ལིས་ཁི་ཆང་གིས་བསྟན་དོན། ལོ་གསུམ་གྱི་སྔོན་ལ། ཀྲུང་གོ་དང་འཇར་མན་གྱིས་གསར་གཏོད་མཉམ་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་ཀྲུང་གོ་དང་འཇར་མན་གྱི་འགུལ་སྐྱོད་རྩ་གནད་ཅེས་པ་སྤེལ། ལོ་གསུམ་གྱི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སོ་སོར་ཀྲུང་གོའི་འཐབ་ཇུས་དང་འཇར་མན་གྱི་འཐབ་ཇུས་ཞེས་པ་འགྲེམ་སྤེལ་བྱས་ཏེ། རྒྱལ་ཁབ་ཆེན་པོའི་བར་གྱི་ཚན་རྩལ་མཉམ་ལས་ཀྱི་མིག་དཔེ་གསར་བ་བསྐྲུན། ཀྲུང་གོ་དང་འཇར་མན་གྱི་གསར་གཏོད་ཐོན་ཁུངས་ལ་ཁ་གསབ་ཀྱི་རང་བཞིན་ཆེན་པོ་ལྡན་པ་དང་གསར་གཏོད་མཉམ་ལས་ཀྱི་གོ་སྐབས་བཟང་པོར་འཕྲད་ཡོད་པས། ཀྲུང་གོས་འཇར་མན་བར་དུ་གསར་གཏོད་གྲོགས་པོའི་འབྲེལ་བ་སྔར་ལས་དམ་པོ་བཙུགས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་མཉམ་སྤྱོད་དང་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་མཉམ་འཇལ་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ང་ཚོས་ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱིས་མཉམ་འབྲེལ་སྒོས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཇར་མན་དང་མཉམ་དུ་ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱིས་མཉམ་ལས་བྱེད་པའི་སྲིད་གཞུང་རིམ་པའི་རྐྱེན་སྲོལ་བཙུགས་ཏེ། དྲ་བ་ཅན་དང་གཅིག་བསྡུས་ཅན་གྱི་མཉམ་ལས་གྲུབ་པར་བྱེད་འདོད་ཡོད། ཀྲུང་གོ་དང་འཇར་མན་གཉི་ག་དཔལ་འབྱོར་འཛམ་གླིང་ཅན་གྱི་ཁྲོད་དུ་ཧུར་ཐག་གིས་ཟབ་ཞུགས་བྱེད་མཁན་ཡིན་པས། ང་ཚོས་རང་དབང་སྒོ་འབྱེད་ཀྱི་ཉོ་ཚོང་དངུལ་གཏོང་ཁོར་ཡུག་སྐྲུན་ནས། རྒྱལ་ཁབ་གཉིས་ཀྱི་གསར་གཏོད་མཉམ་ལས་ལ་སྔར་ལས་སྟབས་བདེ་དང་འདྲ་མཉམ་གྱི་ཁོར་ཡུག་སྐྲུན་དགོས་ཟེར།

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་གསར་གཏོད་བྱེད་པར་སྲིད་ཇུས་ཐད་ནས་སྟབས་བདེ་སྐྲུན་ཏེ། གསར་གཏོད་དང་མཐོ་གསར་ཚན་རྩལ་གྱི་འཐབ་ཇུས་ཐད་ནས་འབྲེལ་འདྲིས་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་མཐུན་སྒྲིལ་ཡོང་ན། འགྲན་རྩོད་ལ་ཁ་གཏད་སྔར་ལས་བཟང་པོ་འཇལ་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཉིན་དེར་ལིས་ཁི་ཆང་གིས་འཇར་མན་དང་དངོས་གཞིའི་འཚམས་འདྲི་མཛད་ཚར་ནས་པེར་ལིན་དང་བྲལ་ལ། འཇར་མན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་གནམ་གྲུ་ཐང་ནས་སྐྱེལ་མ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།