ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དགུ་བར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

ས་དེའི་དུས་ཚོད་ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུ་རུ་སེར་ན་ཡོད་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་སྤྱི་ཁྱབ་པུའུ་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དགུ་བར་མགོ་འཛིན་མཛད། 

5.jpg

ས་དེའི་དུས་ཚོད་ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུ་རུ་སེར་ན་ཡོད་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་སྤྱི་ཁྱབ་པུའུ་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དགུ་བར་མགོ་འཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུ་རུ་སེར་ན་ཡོད་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་སྤྱི་ཁྱབ་པུའུ་ནས་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་དགུ་བར་མགོ་འཛིན་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་རྒྱལ་སྤྱིའི་གནས་བབ་ཀྱི་བརྟན་འཇགས་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་བའི་གནས་ཚུལ་འོག ཐེངས་འདིའི་ཐུག་འཕྲད་བརྒྱུད་དེ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་མུ་མཐུད་དུ་ཇེ་བརྟན་དུ་གཏོང་རྒྱུའི་བརྡ་འཕྲིན་བཟང་བོ་གཏོང་རྒྱུ་མ་ཟད། ང་ཚོས་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་ཀྱི་བརྟན་འཇགས་རང་བཞིན་ལ་བརྟེན་ནས་རྒྱལ་སྤྱིའི་གནས་བབ་ཀྱི་བརྟན་འཇགས་མིན་པའི་རང་བཞིན་ལ་ཁ་གཏད་མཇལ་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་བྱུང་། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། ཕྱོགས་གཉིས་སུ་སྒོ་འབྱེད་པ་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཡོ་རོབ་གཉིས་ཀྱི་དངུལ་གཏོང་གྲོས་ཆོད་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་མཉམ་ལས་ཆུ་ཚད་ཧུར་ཐག་སྒོས་མཐོར་འདེགས་སུ་གཏོང་དགོས་པར་མ་ཟད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་མཁའ་སྐྱོད། ཆ་འཕྲིན། དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་བར་འབྲེལ་འདྲིས་དང་འབྲེལ་མཐུད་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཐུའུ་སི་ཁི་དང་རོང་ཁི་གཉིས་ཀྱིས་བཤད་རྒྱུར། ཡོ་རོབ་གླིང་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་འབྲེལ་བར་གཙིགས་འཛིན་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞིར་རྒྱབ་སྐྱོར་བྱས་ནས། ཕན་ཚུན་བར་འབྲེལ་འདྲིས་དང་མཉམ་ལས་བྱེད་པ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། ཕྱོགས་གཉིས་སུ་མ་དངུལ་གཏོང་བ་སྔར་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

ཐུག་འཕྲད་བྱས་རྗེས། ཕྱོགས་གཉིས་ཀྱི་མགོ་ཁྲིད་པ་མཉམ་དུ་དངུལ་གཏོང་དང་ཤེས་བྱའི་ཐོན་དངོས་བདག་དབང་། སྒོ་ཁྲལ། ཚན་རྩལ་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཅུའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།