ཀྲུང་གོ་བོད་ཀྱི་དྲ་བ།

དྲ་རྒྱ་མེད་པའི་དུས་ཁོམ་ལོངས་སྤྱོད་བྱེད།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  1993ལོར། IBMཀུང་སིས་གསར་སྤེལ་བྱས་པའི་འཛམ་གླིང་ཐོག་གི་ཤེལ་རེག་རིག་ནུས་ལག་ཐོགས་ཁ་པར་དང་པོ་དངོས་སུ་ཁྲོམ་རར་བཏོན་ཡོད། བགྲང་བྱ་ཉི་ཤུ་རྩ་བཞི་སོང་རྗེས་རིག་ནུས་དྲ་སྦྲེལ་ནི་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ནང་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། དཔེ་ཚོང་ཁང་གི་སྦྱིན་བདག་ཝུའེ་ཅི·པུའུ་ཀེའི་བསམ་ཚུལ་སྟབས་བདེ་པོ་ཞིག་ཡོད་པ་སྟེ། ད་ཆ་མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དྲ་བ་སྤྱོད་ཀྱི་ཡོད་སྟབས། དྲ་རྒྱ་མེད་པའི་ཁོར་ཡུག་ཅིག་ཏུ་རང་སོ་སོར་དབང་བའི་ཁོམ་པ་ཞིག་རོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དཔེ་ཚོང་ཁང་གི་དྲ་རྒྱ་མེད་པའི་གཏན་འབེབས་ལ་མི་མང་པོ་ཞིག་གི་རྒྱབ་སྐྱོར་ཐོབ་ཅིང་། ཁག་གཅིག་གིས་དཔེ་ཚོང་ཁང་དེ་ནི“ཞི་བ་དང་ཁུ་སིམ་པའི་ཁོར་ཡུག”ཅིག་ཡིན་པས་རང་ཉིད་ཀྱི་ཀླད་པར་ངལ་གསོ་ཡག་པོ་ཞིག་ཐེབས་ཐུབ་ཅེས་བརྗོད་ཀྱི་ཡོད།

5Gདུས་རབས་རིམ་བཞིན་ཤར་འོང་བ་དང་སྦྲགས། རིག་ནུས་འཚོ་བ་དང་ཟོག་སྦྲེལ་དྲ་རྒྱའི་གྲོང་ཁྱེར་ལས་དངོས་པོ་དང་ཚེ་སྲོག་ཚང་མ་དམ་པོར་འབྲེལ་ཡོད་ལ། སྔར་ན་མེད་པའི་མྱུར་ཚད་ཐོག་ནས་འཕེལ་རྒྱས་འགྲོ་གི་ཡོད་པ་དང་། ས་ཁམས་དང་། མི་ཆོས། ཆབ་སྲིད། ལས་ཀ་བྱེད་སྟངས་སོགས་ཕྱོགས་མང་པོའི་ཐད་ནས་འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། མྱུར་ཚད་ཟམ་མི་ཆད་པར་མགྱོགས་སུ་འགྲོ་བའི་དུས་རབས་སུ་མི་རྣམས་ཀྱིས་རྒྱུན་མི་ཆད་པར་སློབ་སྦྱོང་དང་ཆ་འཕྲིན་གསར་པ་ཤེས་དགོས་ཀྱི་ཡོད་ལ། མི་རྣམས་ལ་སྔར་བྱུང་མྱོང་མེད་པའི་ཁུར་པོའང་སྤྲོད་ཀྱི་ཡོད། དུས་དང་རྣམ་པ་ཀུན་ཏུ་ལག་ཏུ་རིག་ནུས་ཁ་པར་ཐོགས་པ་དང་ཆུ་ཚོད24ཡི་རིང་རང་ཉིད་ཀྱི་རིག་ནུས་ལག་འདོགས་ཆུ་ཚོད་ལ་ལྟ་བ་སོགས་ཚད་ལས་བརྒལ་ནས་གློག་རྡུལ་ཅན་དང་རིག་ནུས་ཅན་ལ་བརྟེན་པ་དེས་མི་རྣམས་རྫོགས་མཐའ་མེད་པའི་འཁོར་རྒྱུག་ཅིག་ནང་ཚུད་དེ་རང་སོ་སོའི་དུས་ཚོད་བཀོལ་སྤྱོད་དང་འཆར་གཞི་འདིང་རྒྱུ་ཧ་ཅང་ཉུང་དུ་ཕྱིན་ཡོད།
བརྙན་འཕྲིན་ཐོག་མ་དེ་དོན་པ་ནས་བཟུང་། མི་མང་ཆེ་བ་འཚོ་བའི་ཁྲོད་ཀྱི་ཚན་རྩལ་གསར་པར་བརྟེན་ནས་འཚོ་བ་སྐྱེལ་བ་དང་། ངོ་མཚར་ཆེ་བའི་དངོས་པོ་དེ་དག་གི་འཐེན་ཤུགས་ལས་མི་རྣམས་དེ་དང་བྲལ་མི་འདོད་པར་གྱུར། དེས་ན། 《མིའི་རིགས་ཀྱི་ལོ་རྒྱུས་མདོར་བསྡུས་》ཞེས་པའི་དེབ་འདིའི་ནང་ཡང་སྙིང་མིའི་རིགས་ཀྱིས་གྲོ་བཏབ་པ་ཡིན་ནམ། ཡང་ན་གྲོས་མིའི་རིགས་བསྐྱངས་པ་ཡིན་ནམ་ཞེས་བཏོན་པའི་དྲི་བར་རིག་ནུས་ལག་ཐོགས་ཁ་པར་ལ་ཆ་བཞག་ནས་དྲི་བ་བཏོན་ནའང་བསམ་གཞིག་ཟབ་མོ་བྱེད་དགོས་པ་ཞིག་རེད། ཡང་སྙིང་མིའི་རིགས་ཀྱིས་ལག་ཐོགས་ཁ་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་དམ། ཡང་ན་ལག་ཐོགས་ཁ་པར་གྱིས་མིའི་རིགས་བཅུན་པ་ཡིན་ནམ།
ཨ་རིར། “རླུང་གྲོང”ཞེས་པའི་དཔེ་ཚོང་ཁང་དང་འདྲ་བའི་དུས་རབས་ཀྱི་དར་སོ་དང་ལྡོག་པའི་བྱེད་སྟངས་དེ་བས་མང་པོས་དེང་རབས་ཀྱི་མིས་རང་ཉིད་ཀྱི་འཚོ་བ་སྐྱེལ་སྟངས་ལ་བསྐྱར་དུ་བསམ་གཞིག་བྱ་རྒྱུའི་དྲན་སྐུལ་བྱས་ཡོད། ཡུལ་མི་ཁག་གཅིག་གིས་སྒོ་འགྲམ་གྱི་སྤང་སྟེང་དུ“ང་ཚོར་དེང་རབས་ཅན་མི་དགོས། རང་བྱུང་གི་རྣམ་པ་དེ་རང་སོར་བཞག་རོགས”ཞེས་པའི་བྱང་བུ་བཙུགས་ཡོད་པ་དང་། ད་དུང་ཟ་ཁང་ཁག་གཅིག་གིས་རྐང་བཙུགས་ནས་སྐུད་མེད་དྲ་རྒྱ་འཁྲིད་ཀྱི་མེད། དེ་ལྟར་བྱས་ན་སྐུ་མགྲོན་ཉུང་དུ་འགྲོ་སྲིད་པ་ཤེས་རུང་སྦྱིན་བདག་གིས་ཁ་ལག་ཟ་བར་ཡོང་མཁན་ཚོས་བྲོ་ཞིམ་ཟས་རིགས་དང་ཕན་ཚུན་བརྩེ་བ་དངོས་སུ་མྱོང་རོལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
“དེ་སྔའི་འཚོ་བར”ལོག་འདོད་བྱེད་མཁན་དེ་བས་མང་དུ་འགྲོ་གི་ཡོད་པ་དང་དེ་ཚོ་འཇིགས་སྣང་སྐྱེ་བ་ནི་གློག་རྡུལ་སྒྲིག་ཆས་དང་དེང་རབས་ཀྱི་འཚོ་བ་མིན་པར་འཚོ་བར་སྟངས་འཛིན་བྱེད་པ་རིམ་གྱིས་ཉུང་དུ་ཕྱིན་པས་ཡིན། བྲེལ་བ་ཆེན་པོ་ག་ཚོད་ཡོད་རུང་། སོ་སོར“སྒེར་བདག”གི་དུས་ཚོད་དང་ཁོར་ཡུག་ཅིག་འཇོག་པ་ནི་རིག་ནུས་དུས་རབས་སུ་ཁུར་པོ་ཡང་དུ་བཏང་ནས་སྤྲོ་སྣང་འཕེལ་བ་བྱེད་པའི་ཐབས་དམ་པ་དེའོ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།