ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་པི་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་གཉིས་ཀྱིས་མཉམ་དུ་ཅི་ལིས་ཝོ་ཨར་ཝོ་རླངས་འཁོར་གསར་གཏོད་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强.jpg

ས་དེའི་ཟླ་དྲུག་པའི་ཚེས་གཉིས་ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུ་རུ་སེར་ནས་པི་ལི་ཧྲི་ཡི་དབུ་བཞུགས་བློན་ཆེན་སྨིས་ཞེ་ཨར་དང་མཉམ་དུ་ཅི་ལིས་ཝོ་ཨར་ཝོ་རླངས་འཁོར་གསར་གཏོད་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལིས་ཁི་ཆང་གིས་ཕྱོགས་མང་པོས་མཉམ་དུ་གསར་གཏོད་བྱས་པ་དང་། གྲུབ་འབྲས་བསྒྱུར་བ་མངོན་འགྱུར་བྱས་པའི་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་གྱི་ཐོན་སྐྱེད་མ་དཔེ་ལ་བསྔགས་བརྗོད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཤེས་ལྡན་མི་སྣ་དང་མ་དངུལ། ལག་རྩལ། ཚོང་ར་སོགས་ཕྱོགས་ཀྱི་ཞིབ་བསྡུར་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཉམ་འབྲེལ་གསར་གཏོད་ལ་ཤུགས་བསྣན་ནས། མཉམ་དུ་རྒྱལ་སྤྱིའི་ཚོང་ར་རྒྱ་བསྐྱེད་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

ལིས་ཁི་ཆང་གིས་ཀྲུང་གོའི་ཁེ་ལས་ཀྱི་སྒོ་འབྱེད་དང་མཉམ་ལས་ཁྲོད་ལག་རྩལ་ཆུ་ཚད་མཐོར་འདེགས་བྱེད་པ་དང་། བཟོ་རྩལ་བའི་སྙིང་སྟོབས་སྦྱོང་བརྡར་བྱེད་པ། ཀྲུང་གོའི་བཟོ་སྐྲུན་གྱི་རིམ་པ་སྤོ་བར་སྐུལ་མ་བྱས་པ་དང་། ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་མང་པོ་ཀྲུང་གོ་རུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱས་ཏེ། དགེ་མཚན་ཁ་གསབ་དང་གཉིས་ཕན་མཉམ་ལས་ཁྲོད་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དང་ཡར་ཐོན་བྱེད་པར་སྐུལ་སློང་བྱས།

ཉིན་དེར། ལིས་ཁི་ཆིང་ཀྲུང་གོ་དང་ཡོ་རོབ་གླིང་གི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅུ་དགུ་བར་ཞུགས་པ་མ་ཟད་པི་ལི་ཧྲི་ལ་དངོས་གཞིའི་འཚམས་འདྲི་བྱས་ཚར་རྗེས་པུ་རུ་སེར་དང་ཁ་བྲལ་བ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་པི་ལི་ཧྲི་སྲིད་གཞུང་གི་མཐོ་རིམ་དཔོན་པོ། ཀྲུང་གོའི་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་ཕོ་ཉ་ཚོགས་པའི་ཚོགས་གཙོ་དང་པི་ལི་ཧྲི་རུ་སྡོད་པའི་གཞུང་ཚབ་པ་སོགས་གནམ་གྲུ་ཐང་དུ་སོང་ནས་སྐྱེལ་མ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།