ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅ་ཉི་ཧྥུའུ་ཉི་ཡ་ཀྲིག་གི་ཀྲིག་ཀྲང་པུའུ་ལང་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平会见美国加利福尼亚州州长布朗.jpg


ཟླ་དྲུག་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཅ་ཉི་ཧྥུའུ་ཉི་ཡ་ཀྲིག་གི་ཀྲིག་ཀྲང་པུའུ་ལང་ལ་ཐུག་འཕྲད་བྱས།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཅ་ཉི་ཧྥུའུ་ཉི་ཡ་ཀྲིག་གི་ཀྲིག་ཀྲང་པུའུ་ལང་ལ་ཐུག་འཕྲད་བྱས།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དཀའ་ཁག་མང་པོ་གནས་ཡོད་ནའང་སྔར་བཞིན་འཕེལ་རྒྱས་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་མང་པོ་བསྐྲུན་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་ནུས་ཡོད་སྒོས་སྐུལ་འདེད་བཏང་། ཀྲུང་གོས་ཞི་བའི་འཕེལ་རྒྱས་དང་སྒོ་འབྱེད་འཕེལ་རྒྱས་རྒྱུན་འཁྱོངས་དང་། ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་རྒྱུ་རེད། གནས་བབ་གསར་བའི་འོག ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་བརྗེ་རེས་དང་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་ལས་རྒྱ་ཆེན་པོ་སྤེལ་དགོས་ལ། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བཤད་རྒྱུར། ས་གནས་བར་གྱི་བརྗེ་རེས་དང་མཉམ་ལས་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བའི་ཕྱོགས་གཙོ་བོ་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ས་གནས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཅ་ཉི་ཧྥུའུ་ཉི་ཡ་ཀྲིག་ལ་མཚོན་ན་ཨ་མེ་རི་ཁའི་དཔལ་འབྱོར་དང་སྤྱི་ཚོགས་ཐད་ལ་ཤུགས་རྐྱེན་གལ་ཆེན་ལྡན་པས། ཅ་ཉི་ཧྥུའུ་ཉི་ཡ་ཀྲིག་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་ས་གནས་བར་གྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་དང་གསར་གཏོད། ལྗང་མདོག་འཕེལ་རྒྱས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་སྔར་ལས་མང་པོ་འཇོག་པར་རེ་བ་བྱེད་ཀྱིན་ཡོད་ལ། ང་ཚོས་ཅ་ཉི་ཧྥུའུ་ཉི་ཡ་ཀྲིག་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

པུའུ་ལིང་གིས་བཤད་རྒྱུར། ཅ་ཉི་ཧྥུའུ་ཉི་ཡ་ཀྲིག་གིས་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བཤེས་ལ་གཅེས་སྤྲས་བྱེད་ཀྱིན་ཡོད་ལ། ཅ་ཉི་ཧྥུའུ་ཉི་ཡ་ཀྲིག་སྲིད་གཞུང་གིས་དུས་ཡུན་རིང་བོར་ཀྲུང་གོའི་ས་གནས་སྲིད་གཞུང་བར་གྱི་གྲོས་མོལ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་འབད་བརྩོན་བྱེད་ཀྱིན་ཡོད། ཅ་ཉི་ཧྥུའུ་ཉི་ཡ་ཀྲིག་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་ལ་གཟེངས་བསྟོད་བྱས་པར་མ་ཟད། དེའི་ཁྲོད་ཧུར་ཐག་སྒོས་ཞུགས་འདོད་ཡོད། ཀྲུང་གོའི་ས་གནས་བར་དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་། དག་གཙང་ལག་རྩལ། ཐན་ཉུང་ཁོར་ཡུག་སྲུང་སྐྱོབ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་བར་རེ་སྒུག་བྱས་ཡོད་ལ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།