ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«སྲིད་གཞུང་དྲ་ཚིགས་འཕེལ་རྒྱས་ཀྱི་མཛུབ་སྟོན»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«སྲིད་གཞུང་དྲ་ཚིགས་འཕེལ་རྒྱས་ཀྱི་མཛུབ་སྟོན»འགྲེམ་སྤེལ་བྱས་ཏེ། རྒྱལ་ཡོངས་སྲིད་གཞུང་དྲ་ཚིགས་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ཚད་ལྡན་དུ་བཏང་།

«མཛུབ་སྟོན»ལས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་ནི་རྒྱལ་ཡོངས་སྲིད་གཞུང་དྲ་ཚིགས་ཀྱི་གཙོ་གཉེར་ལས་ཁུངས་ཡིན་པས། རྒྱལ་ཡོངས་སྲིད་གཞུང་དྲ་ཚིགས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ལག་བསྟར་དང་མཛུབ་སྟོན། ལྟ་སྐུལ་བཅས་བྱེད་པའི་འགན་འཁུར་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སོ་སོའི་གཞུང་སྒྲུབ་ཐིན་དང་གཞུང་སྒྲུབ་ཁང་ནི་ས་གནས་རང་དང་ལས་ཁུངས་རང་གི་སྲིད་གཞུང་དྲ་ཚིགས་ཀྱི་གཙོ་གཉེར་ལས་ཁུངས་ཡིན་པས། གཙོ་གཉེར་ལས་ཁུངས་ཀྱིས་སྲིད་གཞུང་དྲ་ཚིགས་ལ་གཅིག་གྱུར་སྒོས་འཆར་འགོད་དང་ལྟ་རྟོག་དཔྱད་ཞིབ་བྱེད་པའི་འགན་འཁུར་ཏེ། བདག་གཉེར་ལེགས་སྒྲིག་དང་བདེ་འཇགས་དོ་དམ། དཔྱད་ཞིབ་གདེང་འཇོག ལྟ་ཞིབ་འགན་འདྲི་སོགས་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།   །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།