ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་གཞིས་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་དགོས་བའི་བསམ་འཆར་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་གཞིས་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་དགོས་བའི་བསམ་འཆར་བཏོན། བསམ་འཆར་ལས་བསྟན་དོན། གྲོང་གསེབ་གཞིས་ཁུལ་ནི་སྤྱི་ཚོགས་བཅོས་སྐྱོང་གི་གཞི་རྩའི་ལས་འགན་ཡིན། གྲོང་གསེབ་གཞིས་ཁུལ་བཅོས་སྐྱོང་བྱེད་པ་དེ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་ལག་བསྟར་དང་དངོས་འབེབས་བྱེད་པར་འབྲེལ་བ་ཡོད་པ་དང་། སྡོད་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་ལ། གྲོང་གསེབ་གཞི་རིམ་འཆམ་མཐུན་དང་བརྟན་འཇགས་ཡོང་བར་འབྲེལ་བ་ཡོད་ཟེར།

བསམ་འཆར་ལས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་བར་དུ་གཞི་རིམ་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་དང་གཞི་རིམ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་ཕྱོགས་མང་པོ་ཞུགས་པ་དང་མཉམ་དུ་བཅོས་སྐྱོང་བྱེད་པའི་གྲོང་གསེབ་གཞིས་ཁུལ་བཅོས་སྐྱོང་མ་ལག་ཆགས་པར་བྱེད་དགོས་པ་དང་། གྲོང་གསེབ་གཞིས་ཁུལ་བཅོས་སྐྱོང་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། གྲོང་གསེབ་གཞིས་ཁུལ་བཅོས་སྐྱོང་ནུས་པ་སྔར་ལས་ཇེ་ཆེར་བཏང་ནས། གྲོང་གསེབ་གཞིས་ཁུལ་གྱི་སྤྱི་ཐུན་ཞབས་ཕྱི་དང་སྤྱི་ཐུན་དོ་དམ། སྤྱི་ཐུན་བདེ་འཇགས་འགན་སྲུང་བཟང་བོ་བྱེད་དགོས་ཟེར།

བསམ་འཆར་ལས་ད་དུང་གྲོང་གསེབ་གཞིས་ཁུལ་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་མུ་མཐུད་དུ་གྲོང་གསེབ་གཞིས་ཁུལ་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ། གྲོང་གསེབ་གཞིས་ཁུལ་བཅོས་སྐྱོང་གི་མི་འདང་ས་ཁ་གསབ་བྱེད་པ། རྩ་འཛུགས་ཀྱི་ཁག་ཐེག་ནུས་པ་ཇེ་ཆེར་གཏོང་བ་སོགས་ཀྱི་ཕྱོགས་འགའི་བྱ་བའི་ཐད་ལ་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།