ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་པེ་ཅིན་ནས་འཛམ་གླིང་གི་ཕྱི་སྡོད་རང་མི་དང་ཀྲུང་གོ་བའི་བཟོ་ཚོང་ཚོགས་ཆེན་སྐབས་གཉིས་པར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强会见第二届世界华侨华人工商大会全体代表.jpg

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་འཛམ་གླིང་གི་ཕྱི་སྡོད་རང་མི་དང་ཀྲུང་གོ་བའི་བཟོ་ཚོང་ཚོགས་ཆེན་སྐབས་གཉིས་པར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གཏམ་བཤད་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་ནས་འཛམ་གླིང་གི་ཕྱི་སྡོད་རང་མི་དང་ཀྲུང་གོ་བའི་བཟོ་ཚོང་ཚོགས་ཆེན་སྐབས་གཉིས་པར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་གཏམ་བཤད་སྤེལ།

ཚོགས་ཐོག་ཏུ་ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་བདེ་བླག་ངང་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་ཕྱི་སྡོད་རང་མི་ལ་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ལིས་ཁི་ཆང་གིས་རྒྱ་ཆེའི་ཕྱི་སྡོད་རང་མི་དང་ཀྲུང་གོ་བར་རེ་བ་འགའ་བཏོན། གཅིག གསར་སྐྲུན་འཕེལ་རྒྱས་ཁྲོད་དུ་ཞུགས་སྐབས་གོ་སྐབས་བཟང་བོ་དམ་འཛིན་བྱེད་དགོས། གཉིས། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁྲོད་དུ་ཡང་བསྐྱར་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས། གསུམ། ཀྲུང་ཧྭའི་རིག་གནས་བརྒྱུད་གཏོང་བྱེད་སྐབས་རྣམ་པ་བཟང་བོ་ངོམ་དགོས་པ་བཅས་རེད།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ནང་ལོག་དང་ཐེ་ཝན་ནི་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པས། ཚང་མས་ཕྱི་རྒྱལ་དུ་ཀྲུང་གོ་གཅིག་གི་བྱ་བ་བཟང་བོར་སྒྲུབ་པ་དང་། གོ་གཉིས་ལོའི་ཐུན་མོང་གི་ལྟ་ཚུལ་གྱིས་ཁས་ལེན་པའི་དོན་དག་ལ་སྐུལ་འདེད་བཏང་ནས། མེས་རྒྱལ་གྱི་ཞི་བའི་གཅིག་གྱུར་ཐད་སྟོབས་ཤུགས་འདོན་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།