ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་ལྟར། རང་རེའི་དམག་དཔུང་གིས་བརྒྱད་གཅིག་བྱས་རྗེས་རྟགས་མ་གསར་དུ་ཁ་སྣོན་བྱས་པར་མ་ཟད་ཐོག་དང་པོར་དཔྱད་སྡུར་བྱེད་པར་རྩ་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་བཀོད་པ་ལྟར། རང་རེའི་དམག་དཔུང་གིས་བརྒྱད་གཅིག་བྱས་རྗེས་རྟགས་མ་གསར་དུ་ཁ་སྣོན་བྱས་པར་མ་ཟད་ཐོག་དང་པོར་དཔྱད་སྡུར་བྱེད་པར་རྩ་འཛུགས་བྱས། གསར་དུ་ཁ་སྣོན་བྱས་པའི་བརྒྱད་གཅིག་བྱས་རྗེས་རྟགས་མ་ནི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པ་དང་། ཀྲུང་དབྱང་ཨུ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་དཔང་ཡིག་སྟེང་མིང་བཀོད་དེ་གནང་བའི་དམག་དཔུང་གི་ཆེས་མཐོའི་མཚན་སྙན་ཡིན་ལ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱས་པ་དང་། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་དམག་དཔུང་གི་མི་སྣར་གནང་རྒྱུ་རེད། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་། སྤྱི་བདེ་དང་ད་ལྟ་དམག་སྐུལ་དང་ལེན་དམག་དཔུང་བཅས་ཀྱིས་མིང་འདོན་ངོ་སྤྲོད་བྱས་པ་བརྒྱུད་དེ། ཉེ་ལམ་ཐོག་མར་འདེམ་སྒུག་མི་སྣ་འདེམ་ཐོན་བྱུང་སྟེ། དམག་དཔུང་ཕྱི་ནང་དུ་ཡོངས་སྒྲོག་བྱས་ནས་དཔྱད་སྡུར་དང་ལེན་བྱས།

བརྒྱད་གཅིག་བྱས་རྗེས་རྟགས་མ་དཔྱད་སྡུར་བྱེད་པ་ནི་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱས་རྗེས་དང་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་སྐོར་གྱི་འཐབ་ཇུས་མཛུབ་སྟོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་དམག་དུ་གཏོང་བའི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཐེངས་འདིར་དཔྱད་སྡུར་དང་བྱས་རྗེས་རྟགས་མ་གནང་བའི་བྱ་བ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཞི་རྩའི་བསྲུང་བྱར་བརྩིས་ཏེ། དམག་འཁྲུག་ལ་གྲ་སྒྲིག་བྱེད་པ་དང་ཐད་ཀར་འཐབ་འཁྲུག་ལ་ཞབས་ཕྱི་སྒྲུབ་པ་དང་། སྔོན་ཐོན་རང་བཞིན་དང་མཚོན་བྱེད་རང་བཞིན་ལ་གཙིགས་འཛིན་བྱེད་པ། འཐབ་འཛིང་ནུས་པ་སྐྱེད་སྲིང་བྱེད་པ། འཐབ་འཛིང་ལས་འགན་ཡོངས་འགྲུབ་བྱེད་པ་སོགས་ལས་འགན་གལ་ཆེན་ལ་དམིགས་ཏེ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་སུ་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་དཔའ་བོ་དཔེ་ལེགས་ཅན་གྱི་མིག་དཔེ་འདེམ་བསྐོ་བྱེད་རྒྱུ་དེ་ཡིན་པས། རིམ་པ་སོ་སོས་དཔྱད་སྡུར་བྱ་བར་རྩ་འཛུགས་བྱེད་པ་དེ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ། དམག་མི་སྦྱོང་བརྡར་དང་དམག་འཁྲུག་ལ་གྲ་སྒྲིག་བྱེད་པར་ཤུགས་སྣོན་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། མིང་འདོན་ངོ་སྤྲོད་དང་ཐོབ་ཐང་ཞིབ་བཤེར། རྩ་འཛུགས་ཡོངས་སྒྲོག ཁྱོན་ཡོངས་ནས་དཔྱད་ཞིབ། ཡར་ཞུ་ཆོག་མཆན་བཅས་ཀྱི་གོ་རིམ་ལྟར་རྩ་འཛུགས་དང་ལག་བསྟར་བྱས་ཏེ། དཔྱད་སྡུར་བྱེད་པའི་གོ་རིམ་དེ་དཔའ་བོ་དཔེ་ལེགས་ཅན་གྱི་བྱས་རྗེས་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། དཔོན་དམག་རྣམས་ཀྱིས་དཔའ་ངར་ཆེར་བསྐྱེད་དང་ཡར་རྒྱས་བརྩོན་ལེན་བྱེད་པར་སྐུལ་མ་གཏོང་བའི་གོ་རིམ་ཞིག་ཏུ་སྒྱུར་དགོས།

བརྒྱད་གཅིག་བྱས་རྗེས་རྟགས་མ་ནི་དམག་མིའི་ཆེས་བླ་ན་མེད་པའི་གཟི་བརྗིད་མཚན་སྙན་ཡིན་ལ། དཔའ་པོ་དཔེ་ལེགས་ཅན་ནི་མི་རིགས་ཀྱི་ཆེས་བཟང་བའི་མིག་དཔེ་ཡིན། རྒྱ་ཆེའི་དཔོན་དམག་རྣམས་ངོ་སྤྲོད་དཔྱད་སྡུར་བྱ་འགུལ་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་དེ་སྟོབས་ཤུགས་ཆེན་པོར་བརྩིས་པ་དང་། བརྒྱད་གཅིག་བྱས་རྗེས་རྟགས་མ་དཔྱད་སྡུར་དང་གནང་བ་གོ་སྐབས་བཟང་བོ་ཞིག་ཏུ་བརྩིས་ནས། དཔའ་བོར་སློབ་སྦྱོང་བྱེད་པ་དང་། བྱས་རྗེས་འཇོག་པ། སྔོན་ཐོན་བརྩོན་ལེན་བྱེད་པ་བཅས་བྱས་ཏེ། དམག་དཔུང་སྟོབས་ལྡན་དར་རྒྱས་སུ་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ཞུགས་པ་དང་། བྱས་རྗེས་ཁྱད་དུ་འཕགས་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་བ་བྱེད་རྒྱུའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།