ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2a365484c17a33e414f81428379cf13d.jpg

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་དང་གྲོས་མོལ་བྱས། གྲོས་མོལ་མ་བྱས་གོང་། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་པེ་ཐེ་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། 
 

e48bdafb61ab8104427f7465616667f2.jpg

ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་དང་གྲོས་མོལ་བྱས།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་བྱེད་པར་ཡོང་བའི་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་དང་གྲོས་མོལ་བྱས།

ལིས་ཁི་ཆང་གིས་བཤད་རྒྱུར། ལུ་ཙེམ་པོག་ནི་ཡོ་རོབ་གླིང་མནའ་འབྲེལ་དུ་ཡོད་པའི་ཀྲུང་གོའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། ཀྲུང་གོ་དང་ལུ་ཙེམ་པོག་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་བརྩི་འཇོག་བྱས་པ་དང་འདྲ་མཉམ་སྒོས་ལྟ་སྟངས་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་དང་བདེ་བླག བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་སོང་བར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་དཔེ་སྟོན་ནུས་པ་འདོན་སྤེལ་བྱས། ཀྲུང་གོ་ཕྱོགས་ཀྱིས་ལུ་ཙེམ་པོག་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ལུ་ཙེམ་པོག་གཉིས་ཀྱི་འབྲེལ་བའི་སྔར་ལས་བཟང་བའི་མདུན་ལྗོངས་གསར་གཏོད་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། ཀྲུང་གོས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། དེང་སྐབས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་འོག ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བ་དེ་སྔར་ལས་བཟོད་སྒོམ་དང་ཀུན་ཕན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་བཅས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་བརྡ་བཟང་བོ་བཏང་སྟེ། ཀྲུང་གོ་དང་ཡོ་རོབ་གླིང་གྱི་འབྲེལ་བ་དང་མཉམ་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་ཕན་ཡོད་ཀྱི་ཁོར་ཡུག་གསར་གཏོད་བྱེད་དགོས་ཟེར།

པེ་ཐེ་ཨར་གྱིས་བཤད་རྒྱུར། ལུ་ཙེམ་པོག་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་མཛའ་མཐུན་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཕྱོགས་དང་ཉོ་ཚོང་དངུལ་གཏོང་དང་དངུལ་ལོར། བར་སྟོང་ལག་རྩལ། རྣོ་ལྕགས། མཁའ་སྐྱོད། འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མི་གཞུང་བརྗེ་རེས་དང་མི་སྣའི་བར་གྱི་འགྲོ་འོང་རྒྱ་བསྐྱེད་དེ། ལུ་ཙེམ་པོག་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

གྲོས་མོལ་མ་བྱས་གོང་། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱི་རོལ་ཐང་ཆེན་ནས་པེ་ཐེ་ཨར་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཧེ་ཧྥུན་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

གྲོས་མོལ་བྱས་རྗེས། ལིས་ཁི་ཆང་དང་པེ་ཨེ་ཨར་གཉིས་ཕྱོགས་གཉིས་ཀྱི་སྤྱི་ཚོགས་འགན་སྲུང་དང་དངུལ་ལོར། མཁའ་སྐྱོད། གློག་བརྙན་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆ་འགོད་པའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།