ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་སྲིད་བསྡུ་དབང་གཏོང་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱས་ཏེ་ཞབས་ཕྱི་བཅོས་སྒྱུར་ལེགས་སྒྱུར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་སྲིད་བསྡུ་དབང་གཏོང་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱས་ཏེ་ཞབས་ཕྱི་བཅོས་སྒྱུར་ལེགས་སྒྱུར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གཏམ་བཤད་སྤེལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་ཝང་ཡང་། མ་ཁེ། དེ་མིན་རྒྱལ་སྲིད་ཨུ་ཡོན་ཡང་ཅིན་དང་ཁྲང་ཝན་ཆོན། ཡང་ཅེ་ཁྲི། གོ་ཧྲིན་ཁུན། ཝང་ཡུང་བཅས་གྲོས་ཚོགས་ལ་ཞུགས།

ལིས་ཁི་ཆང་གིས་བཤད་རྒྱུར། དབང་གཏོང་དང་དོ་དམ། ཞབས་ཕྱིའི་བཅོས་སྒྱུར་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པས་ལག་ལེན་མཐར་ཕྱིན་བྱེད་དགོས། དེང་སྐབས་དཔལ་འབྱོར་བརྟན་འཇགས་ཁྲོད་ནས་འཕེལ་རྒྱུས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲ་བརྟན་དུ་གཏོང་དགོས་ན། ངེས་པར་དུ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལག་བསྟར་བྱེད་པ་གཙོར་བཟུང་སྟེ་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས། ད་ལོར་དབང་གཏོང་དང་དོ་དམ། ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལས་འགན་གཙོ་བོ་ནི་ལས་ཞུགས་ལས་སྤེལ་བྱེད་པར་མཐུན་རྐྱེན་སྐྲུན་པ་དང་རིགས་སོ་སོའི་ཚོང་རའི་གཙོ་གཞིའི་ཁུར་བོ་ཇེ་ཡང་དུ་གཏོང་བ། ཕན་འབྲས་ལྡན་པའི་དངུལ་གཏོང་བར་སྟོང་རྒྱ་བསྐྱེད་པ། འདྲ་མཉམ་ཚོང་གཉེར་ལ་ཆ་རྐྱེན་སྐྲུན་པ། མང་ཚོགས་ལ་དོན་དངོས་སྒྲུབ་པར་སྟབས་བདེ་སྐྲུན་པ་བཅས་ཡིན་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་། རང་འགུལ་སྒོས་ཚོང་རའི་གཙོ་གཞི་དང་མང་ཚོགས་ཀྱི་རེ་འབོད་ལ་ཉན་དགོས་ལ། སྤོབས་པ་ཆེན་པོས་ལག་ལེན་བྱེད་པ་དང་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། ཁྲིམས་སྐྱོང་འགན་སྲུང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་མུ་མཐུད་དུ་དབང་གཏོང་དང་དོ་དམ། ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།