ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121144093_14974414036361n.jpg

ཚེས་བཅུ་བཞིའི་ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བཞིའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་ལ་མཇལ་འཕྲད་གནང་།

ཞི་ཅི་ཕིང་གིས་བསྟན་དོན། ཀྲུང་གོ་དང་ལུ་ཙེམ་པོག་གཉིས་བར་ལ་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་རིང་བོ་ཡོད། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔའི་རིང་ལ་ཕྱོགས་གཉིས་ཀྱིས་མཛའ་མཐུན་ཡིད་ཆེས་ཀྱི་འབྲེལ་བ་བཟང་བོ་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་བཏང་། ཀྲུང་གོ་ཕྱོགས་ཀྱིས་ལུ་ཙེམ་པོག་རྒྱལ་ཁབ་ནི་ཡོ་རོབ་གླིང་མནའ་འབྲེལ་ཁྲོད་ཀྱི་མཉམ་ལས་གྲོགས་པོ་གལ་ཆེན་དུ་བརྩི་བཞིན་ཡོད་ལ། ལུ་ཙེམ་པོག་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཡུན་རིང་གཏན་འཇགས་དང་གསོན་ཤུགས་ཀྱིས་ཁེངས་པའི་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱས་ནས། ཀྲུང་གོ་དང་ལུ་ཙེམ་པོག་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་གོང་འཕེལ་ལ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་དུ་བཏང་ནས་འདྲ་མཉམ་དྲང་བདེན་རྒྱུན་འཁྱོངས་དང་ཕན་ཚུན་ལ་བརྩི་བཀུར་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་གྱི་སྟེང་ནས་ཕྱོགས་གཉིས་བར་རྒྱུས་ལོན་བྱེད་པ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་ཚོད་འཛིན་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱི་སྤུས་ཚད་མཐོར་འདེག་བྱེད་པ་དང་ཁྱད་སྟོབས་རྒྱ་བསྐྱེད་པ། སྦས་ཤུགས་སྔོགས་འདོན་བཅས་བྱས་ནས་དངུལ་ལོར་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། མཁའ་འགྲུལ་སྐྱེལ་འདྲེན་དང་མཐོ་གསར་ལག་རྩལ། ལྷད་མེད་དཔལ་འབྱོར་སོགས་མཉམ་ལས་ཀྱི་འཕར་ཚད་གསར་བ་གསོ་སྐྱོང་བྱས་ཏེ། གཉིས་ཕན་མཉམ་རྒྱལ་གྱི་ཆུ་ཚད་གསར་བ་ཆེས་མཐོ་བའི་སྒོ་ནས་མངོན་འགྱུར་བྱེད་དགོས། ཕྱོགས་གཉིས་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་སྒྲོམ་གཞིའི་ཁྲོད་ཀྱི་དངུལ་ལོར་དང་ཐོན་ནུས་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། རིག་གནས་དང་སློབ་གསོ། ལུས་རྩལ་སོགས་མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ཏེ། མི་སྣའི་འགྲོ་འོང་སྟབས་བདེ་ཅན་དུ་གཏོང་བའི་ཆུ་ཚད་མཐོར་འདེག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལུ་ཙེམ་པོག་གིས་ཀྲུང་གོ་དང་ཡོ་རོབ་གླིང་བར་མུ་མཐུད་དུ་ནུས་པ་བཟང་བོ་འདོན་སྤེལ་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ལ་ནུས་ཡོད་ཀྱི་ཆ་རྐྱེན་འདོན་སྤྲོད་བྱེད་པར་རེ་སྒུ་བྱེད་བཞིན་ཡོད་ཟེར།

པེ་ཐེ་ཨར་གྱིས་བསྟན་དོན། ལུ་ཙེམ་པོག་དང་ཀྲུང་གོའི་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ཞེ་ལྔའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། འགྲིམ་འགྲུལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ངས་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ཟེར།

དབྱང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།