ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

张德江会见卢森堡首相贝泰尔2.jpg

ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་ལ་ཐུག་འཕྲད་བྱས། 
 

张德江会见卢森堡首相贝泰尔1.jpg

ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་ལ་ཐུག་འཕྲད་བྱས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལུ་ཙེམ་པོག་གི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་ལ་ཐུག་འཕྲད་བྱས།

ཀྲང་ཏི་ཅང་གིས་བཤད་རྒྱུར། ཀྲུང་གོ་ལུ་ཙེམ་པོག་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་འདྲ་མཉམ་སྒོས་ལྟ་སྟངས་འཛིན་པ། མཉམ་ལས་མཉམ་རྒྱལ་བྱེད་པ་བཅས་གྲོགས་པོའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་ཟ་བ་བླངས་པར་མ་ཟད། སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་དུས་རིམ་མི་གཅིག་པའི་རྒྱལ་ཁབ་བར་མཛའ་མཐུན་མཉམ་ལས་བྱེད་པའི་མིག་དཔེར་གྱུར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཀྲུང་གོ་དང་ལུ་ཙེམ་པོག་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པར་རྟེན་འབྲེལ་ཞུས་པ་དང་བསྟུན་ནས། ལུ་ཙེམ་པོག་གྲོས་ཁང་དང་མཉམ་དུ་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ། དངོས་གཉེར་མཉམ་ལས་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་ཏེ། དམངས་ཁྲོད་བར་འབྲེལ་འདྲིས་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་བཟང་བོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

པེ་ཐེ་ཨར་གྱིས་བཤད་རྒྱུར། ཐེངས་འདིར་ང་རང་དབུ་བཞུགས་བློན་ཆེན་ཚུལ་གྱིས་ཀྲུང་གོར་འཚམས་འདྲི་བྱས་པར་མ་ཟད། ཀྲུང་གོའི་མགོ་ཁྲིད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་བརྗེ་རེས་བྱས། ལུ་ཙེམ་པོག་ཕྱོགས་ཀྱིས་ལུ་ཙེམ་པོག་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྔར་ལས་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝང་ཁྲིན་ཐུག་འཕྲད་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།