རང་རྒྱལ་གྱིས་འཛད་སྤྱོད་མཁན་གྱི་ཆ་འཕྲིན་ལ་ སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ཆར་བཟོ་ལས་ཆ་འཕྲིན་པུའུ་ནས་ཤེས་པ་ལྟར་ན།རང་རྒྱལ་གྱིས་དྲ་བའི་གཞི་གྲངས་བདེ་འཇགས་ལ་དོ་དམ་བྱེད་པའི་མ་ལག་བཙུགས་ནས།འཛད་སྤྱོད་མཁན་གྱི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།གཞི་གྲངས་དང་སྒེར་གྱི་ཆ་འཕྲིན་ཕྱི་རུ་བརྟོལ་བ་སྤྱི་བསྒྲགས་དང་ཡར་ཞུ་བྱེད་པའི་ནང་རྐྱེན་འཛུགས་རྒྱུ་རེད།གླེང་རིན་ཡོད་པ་ཞིག་ནི།གསར་སྐྲུན་དོགས་ཟོན་འགོག་པའི་ལག་རྩལ་དང་དྲ་བའི་བདེ་འཇགས་བརྒལ་བའི་གཙོ་གནད་ལག་རྩལ་སོགས་ཀྱི་ཕྱོགས་ནས་ཆ་འཕྲིན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་།གློག་འཕྲིན་དང་དྲ་བའི་མགོ་སྐོར་ལ་འགོག་སྲུང་དང་རྡུང་རྡེག་ནན་མོ་བཏང་ནས།མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་རེད།x3tཀྲུང་གོ་བོད་ཀྱི་དྲ་བ།

ཆ་འཕྲིན་བདེ་འཇགས་ནི་སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་བྱེད་ཀྱིན་པའི་གནད་དོན་ཞིག་ཡིན།360ཡིས་ཉེ་ཆར་བཀྲམ་པའི2017ལོའི་དུས་ཚིགས་དང་པོའི《ཀྲུང་གོའི་ལག་ཁྱེར་ཁ་པར་གྱི་བདེ་འཇགས་གནས་ཚུལ་སྙན་ཞུ》ལས་མངོན་པ་ལྟར་ན།དུས་ཚིགས་དང་པོར།སུན་སྣང་སྟེར་བའི་ཁ་པར་ཡོང་བའི་ཚད་དུས་མཉམ་ལས65.8%ཇེ་མཐོར་སོང་ཡོད་ལ།360ལག་ཁྱེར་ཁ་པར་སྲུང་དམག་གིས་བསྡོམས་པས་རྒྱལ་ཡོངས་ལག་ཁྱེར་ཁ་པར་གྱི་དྲ་བའི་ཕར་རྒོལ་དུང་ཕྱུར6.2བཀག་པ་རེད། སུན་སྣང་སྟེར་བའི་ཁ་པར་དང་རྒྱུ་ནོར་གཡོ་ལེན་བྱེད་པ་ནི་ལག་ཁྱེར་ཁ་པར་འཛད་སྤྱོད་པའི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པའི་ཕྱོགས་ཆེན་པོ་གཉིས་རེད།x3tཀྲུང་གོ་བོད་ཀྱི་དྲ་བ།

བཟོ་ལས་ཆ་འཕྲིན་པུའུ་ཡི་པུའུ་ཀྲང་ཁྲེན་ཀྲའོ་ཞུང་གིས་བསྟན་དོན།དྲ་བའི་བདེ་འཇགས་ཀྱི་ཁ་ཚ་དགོས་གཏུག་གི་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་བཏང་ནས།གསར་སྐྲུན་དང་མཐུན་སྦྱོར་མཉམ་འགུལ་བྱེད་པར་ཤུགས་སྣོན་པ་དང་།དྲ་བའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་བྱ་བའི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས།བཟོ་ལས་ཆ་འཕྲིན་པུའུ་ཡིས་གཙོ་བོ་དྲ་བའི་གཞི་གྲངས་ཀྱི་བདེ་འཇགས་ལ་དོ་དམ་བྱེད་པའི་མ་ལག་འཛུགས་པ་དང་།སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ།གཞི་གྲངས་དང་སྒེར་གྱི་ཆ་འཕྲིན་ཕྱི་རུ་བརྟོལ་བ་སྤྱི་བསྒྲགས་དང་ཡར་ཞུ་བྱེད་པའི་ནང་རྐྱེན་འཛུགས་པ་བཅས་ཀྱི་ཕྱོགས་གསུམ་ནས་དྲ་བའི་གཞི་གྲངས་དང་འཛད་སྤྱོད་པའི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།ཁ་པར་སྤྱོད་མཁན་གྱི་དངོས་མིང་ཐོ་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།དྲ་བའི་ཨང་བསྒྱུར་ལེགས་བཅོས་དང་དོགས་ཟོན་འགོག་པའི་ལག་རྩལ་སོགས་ལ་ཤུགས་སྣོན་བྱེད་རྒྱུ་རེད། །x3tཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།