ཀྲུང་གོ་དང་ཨ་མེ་རི་ཁའི་མཐོ་རིམ་རིག་མཛོད་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཚོགས་འདུ་ཉིག་ཡོ་གྲོང་ཁྱེར་ནས་ཚོགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། ཀྲུང་གོ་དང་ཨ་མེ་རི་ཁའི་མཐོ་རིམ་རིག་མཛོད་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཚོགས་འདུ་ཉིག་ཡོ་གྲོང་ཁྱེར་ནས་ཚོགས་པ་དང་། དེ་ནི་ད་ལོའི་ཟླ་བཞི་བར་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཨ་མེ་རི་ཁའི་ཧྥའོ་ལོ་ལེ་ཏ་ཀྲིག་ནས་ཐུག་འཕྲད་བྱས་ཏེ། དུས་སྐབས་གསར་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་གཏན་འཁེལ་བྱས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་རིག་མཛོད་ཆེད་མཁས་པས་ཐོག་དང་པོར་གཞི་ཁྱོན་ཆེ་བའི་ཆེད་དོན་གྲོས་མོལ་བརྗེ་རེས་བྱས་པ་རེད།
vz7ཀྲུང་གོ་བོད་ཀྱི་དྲ་བ།

གྲོས་མོལ་ཚོགས་འདུའི་སྟེང་ཕྱོགས་གཉིས་ཀྱི་འཐུས་མིས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་གྱི་ཁ་གསབ་རང་བཞིན་དང་དེ་མིན་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་འབྲེལ་བས་འཛམ་གླིང་གི་དཔལ་འབྱོར་བརྟན་འཇགས་དང་འཕར་སྣོན། དར་རྒྱས་ཐད་ལ་ནུས་པ་གལ་ཆེན་འདོན་པ་གཅིག་གྱུར་སྒོས་ཁས་ལེན་བྱས་པར་མ་ཟད། ཉིན་བརྒྱའི་འཆར་གཞི་ཡིས་དུས་སྐབས་གསར་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་པ་གལ་ཆེན་འདོན་པ་ཁས་ལེན་བྱས། ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ཀྱིས་ཉིན་བརྒྱའི་འཆར་གཞིའི་གྲུབ་འབྲས་དངོས་འབེབས་བྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན་པར་མ་ཟད། རྗེས་ཀྱི་ཉིན་བརྒྱའི་འཆར་གཞིས་ཀྲུང་གོ་དང་ཨ་མེ་རི་ཁའི་ཉོ་ཚོང་འབྲེལ་བ་ཅི་ལྟར་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་བཏོན། །vz7ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།