ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ་ལུའུ་ཧུའུ་ཐི་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1497669411396210.jpg

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ། རྒྱ་མཚོ་གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐི་ལ་ཐུག་འཕྲད་བྱས། 

1497669437257188.jpg

ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ། རྒྱ་མཚོ་གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐི་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་དྲུག་ཉིན་པེ་ཅིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་གི་ཆེད་མངག་ཕོ་ཉ། རྒྱ་མཚོ་གཅིག་གྱུར་འཆར་འགོད་པུའུ་ཡི་པུའུ་ཀྲང་ལུའུ་ཧུའུ་ཐི་ལ་ཐུག་འཕྲད་བྱས།

ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་མཛའ་མཐུན་ཁྱིམ་མཚེས་ཡིན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་ཧུར་ཐག་སྒོས་འབྲེལ་མཐུད་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དམ་དུ་བཏང་བ། དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་ནན་མོ་བྱེད་དགོས་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་གཙོ་བོར་བཟུང་སྟེ། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས་པར་མ་ཟད། ཡ་བན་མྱུར་བགྲོད་ལྕགས་ལམ་སོགས་ལས་གཞི་གཙོ་བོ་ལག་བསྟར་བཟང་བོ་བྱེད་པ་དང་།རྨང་གཞིའི་སྒྲིག་ཆས་དང་ཐོན་ནུས་མཉམ་ལས་ཀྱི་ལས་གཞི་སྔར་ལས་མང་པོ་ལག་བསྟར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།

ལུའུ་ཧུའུ་ཐི་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡ་ཕྱོགས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཧུར་ཐག་སྒོས་ཞུགས་འདོད་ཡོད་ལ། ཀྲུང་གོ་ཕྱོགས་དང་འཐབ་ཇུས་འབྲེལ་མཐུད་བྱས་ནས། ཉོ་ཚོང་དང་དངུལ་གཏོང། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།