ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་མགོ་འཛིན་མཛད་དེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་པར་མ་ཟད་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་མགོ་འཛིན་མཛད་དེ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་པར་མ་ཟད་གཏམ་བཤད།

ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་དང་པོ་ཚོགས་པའི་སྐབས་སུ་གཏམ་བཤད་གལ་ཆེན་སྤེལ་བ་ལས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་གསལ་བཤད་བྱས་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱེད་པར་ཁ་ཕྱོགས་གསལ་བོར་བསྟན་ཡོད། ང་ཚོས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ཕུན་སུམ་ཚོགས་པའི་ནང་དོན་གསལ་བོར་ཤེས་པར་བྱེད་དགོས་ལ། དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱས་ཏེ། སྔ་མོ་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་བརྩོན་ལེན་བྱེད་དགོས། ཉམས་མྱོང་སྤྱི་སྡོམ་དང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གླེང་སྟེགས་དེ་མཉམ་ལས་ཀྱི་ཇུས་གཞི་ཆེན་པོར་མཉམ་གྲོས་བྱེད་པ་དང་མཉམ་ལས་ཀྱི་སྟེགས་བུ་མཉམ་སྐྲུན་བྱེད་པ། མཉམ་ལས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། རྒྱལ་སྤྱི་ཅན་གྱི་དངུལ་བསྡུའི་རྣམ་པ་གསར་སྐྲུན་བྱས་ནས་རིམ་པ་མང་པོའི་དངུལ་ལོར་སྟེགས་བུ་གསར་གཏོད་བྱེད་དགོས་པར་མ་ཟད། རིག་མཛོད་འཛུགས་སྐྲུན་དང་གནད་དོན་གལ་ཆེན་ཐད་ལ་ཞིབ་འཇུག་བྱེད་པ་དང་གླེང་ཕྱོགས་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་ནས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་སྤྱི་ཚོགས་དམངས་དམངས་དོན་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།