ཡུས་ཀྲིན་ཧྲིན་གྱིས་སྐབས་དགུ་བའི་མཚོ་འགག་གླེང་སྟེགས་སུ་ཞུགས་པའི་མཚོ་འགག་འགྲམ་གཉིས་ཀྱི་ལས་རིགས་སོ་སོའི་མི་སྣར་ཐུག་འཕྲད་བྱས།

1497755714658843.jpgwEmཀྲུང་གོ་བོད་ཀྱི་དྲ་བ།

ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཞ་མིན་ནས་སྐབས་དགུ་བའི་མཚོ་འགག་གླེང་སྟེགས་སུ་ཞུགས་པའི་མཚོ་འགག་འགྲམ་གཉིས་ཀྱི་སྐུ་མགྲོན་ཁ་ཤས་དང་གཙོ་སྒྲུབ་ལས་ཁུངས་ཀྱི་འཐུས་མིར་ཐུག་འཕྲད་བྱས། 
wEmཀྲུང་གོ་བོད་ཀྱི་དྲ་བ།

1497755715385638.jpgwEmཀྲུང་གོ་བོད་ཀྱི་དྲ་བ།

 ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཞ་མིན་ནས་སྐབས་དགུ་བའི་མཚོ་འགག་གླེང་སྟེགས་སུ་ཞུགས་པའི་མཚོ་འགག་འགྲམ་གཉིས་ཀྱི་སྐུ་མགྲོན་ཁ་ཤས་དང་གཙོ་སྒྲུབ་ལས་ཁུངས་ཀྱི་འཐུས་མིར་ཐུག་འཕྲད་བྱས། པར་འདི་ནི་ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་གོ་མེན་ཏང་གི་ཀྲུའུ་ཞི་ཧུང་ཞིག་ཀྲུའུ་དང་ལག་འཇུ་བྱས་པའི་ཚུལ་རེད། wEmཀྲུང་གོ་བོད་ཀྱི་དྲ་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་ཞ་མིན་ནས་སྐབས་དགུ་བའི་མཚོ་འགག་གླེང་སྟེགས་སུ་ཞུགས་པའི་མཚོ་འགག་འགྲམ་གཉིས་ཀྱི་སྐུ་མགྲོན་ཁ་ཤས་དང་གཙོ་སྒྲུབ་ལས་ཁུངས་ཀྱི་འཐུས་མིར་ཐུག་འཕྲད་བྱས།wEmཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། མཚོ་འགག་གླེང་སྟེགས་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་བྱུང་བར་མ་ཟད། མཚོ་འགག་འགྲམ་གཉིས་ཀྱི་གཞི་རིམ་བར་བརྗེ་རེས་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར། དེ་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པ་དང་ཁ་བྲལ་ཐབས་མེད། གླེང་སྟེགས་སུ་ཞུགས་པའི་གྲོགས་པོ་མང་པོས་གོ་གཉིས་ལོའི་ཐུན་མོང་གི་ལྟ་བ་ལངས་ཕྱོགས་གསལ་བོའི་སྒོ་ནས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། ཐའེ་ཝན་རང་བཙན་ལ་བློ་བརྟན་འགྱུར་མེད་སྒོས་ངོ་རྒོལ་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྲུང་སྐྱོབ་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་པར་ཧུར་ཐག་སྒོས་འབད་བརྩོན་བྱས་པ་ཡིན་ཟེར།wEmཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བཤད་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ནི་ཁ་བྲལ་ཐབས་མེད་པའི་ལས་དབང་ཐུན་མོང་ཚོགས་པ་ཡིན། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་སྒོས་འཕེལ་རྒྱས་སུ་གཏོང་དགོས་ན། མཚོ་འགག་འགྲམ་གཉིས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ནང་ལོག་འབྲེལ་ཡོད་ལས་ཁུངས་ཀྱིས་ཐའེ་ཝན་སྤུན་ཟླས་ནང་ལོག་ནས་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བར་མཐུན་རྐྱེན་སྐྲུན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱེད་ཀྱིན་ཡོད། ཐའེ་ཝན་སྤུན་ཟླས་ནང་ལོག་ནས་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བར་སྔར་ལས་བཟང་བའི་ཆ་རྐྱེན་དང་སྟབས་བདེ་བསྐྲུན་ཏེ། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་སྒོས་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་དགོས་ཟེར།wEmཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གོ་མེན་ཏང་གི་ཀྲུའུ་ཞི་ཧུང་ཞིག་ཀྲུའུ་སོགས་ཐའེ་ཝན་གྱི་མི་སྣས་གཏམ་བཤད་སྐབས། ཐའེ་ཝན་གྱི་ལས་རིགས་སོ་སོའི་མང་ཚོགས་ཀྱིས་མཚོ་འགག་འགྲམ་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་གཞིར་བཟུང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་དམངས་ཁྲོད་བར་གྱི་བརྗེ་རེས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་མཉམ་ལས་ཟབ་སྤེལ་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པ། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཆམ་མཐུན་སྒོས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་མ་འོངས་པ་བཟང་བོ་གསར་གཏོད་བྱེད་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།wEmཀྲུང་གོ་བོད་ཀྱི་དྲ་བ།

ལིན་བུན་དབྱི་དང་ཀུའུ་ཞིག་ལེན་སོགས་དང་ཐའེ་ཝན་ནས་ཡོང་བའི་ལས་རིགས་སོ་སོའི་འཐུས་མི་དགུ་བཅུ་ལྷག་ཐུག་འཕྲད་ལ་ཞུགས། །wEmཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།