ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་མན་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་ཙུང་ལི་ཁི་ཨར་སྐུ་གཤེགས་པའི་ཐད་ནས་འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་དབྱིན་མེད་ཨར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་ཙུང་ལི་ཁི་ཨར་སྐུ་གཤེགས་པའི་ཐད་ནས་འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་དབྱིན་མེད་ཨར་དང་ཙུང་ལི་མུའུ་ཁི་ཨར་གཉིས་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་ཁི་ཨར་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁི་ཨར་གྱི་གཉེན་ཉེ་དང་ཁྱིམ་མི་ལ་བརྩེ་བའི་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། སྐུ་ཞབས་ཁི་ཨར་གྱིས་འཇར་མན་ཡང་བསྐྱར་གཅིག་གྱུར་དང་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ཐད་ལ་བྱས་རྗེས་ཆེན་པོ་བཞག ཁོས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་མ་ཟད། ཀྲུང་གོ་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱེད་པར་བཟོད་སྒོམ་དང་རྒྱབ་སྐྱོར་བྱས་པས། ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་ཁོ་རང་བརྗེད་མི་སྲིད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་དང་འཇར་མན་མི་དམངས་བར་གྱི་མཛའ་བཤེས་ལ་མཐོང་ཆེན་བྱེད་པར་མ་ཟད་འཇར་མན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།