ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2017ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2017ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ལུས་རྩལ་འགྲན་ཚོགས་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཀོང་ཀྲིག་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་སྟེ། ལུས་རྩལ་འགྲན་ཚོགས་ཚོགས་མགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ལུས་རྩལ་འགྲན་ཚོགས་སུ་ཞུགས་པའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་དང་ལུས་རྩལ་པ། རྩལ་ཁྲིད་པ་བཅས་ལ་ལྷག་བསམ་རྣམ་དག་སྒོས་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་བཤད་རྒྱུར། ང་ཚོས་ད་ལོའི་ཟླ་དགུ་བར་བསྡུ་རྒྱུ་ཡིན་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞ་མིན་གྲོས་ཚོགས་གོ་སྐབས་སུ་བརྩིས་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་མི་གཞུང་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་དམངས་འདུན་རྨང་གཞི་འདིང་བར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བཤད་རྒྱུར། གསེར་གྱོམ་རྒྱལ་ཁབ་ཀྱི་ལུས་རྩལ་ལས་དོན་འཕེལ་རྒྱས་ལ་རང་རང་གི་ཁྱད་ཆོས་ལྡན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་ལུས་རྩལ་པའི་ནུས་རྩལ་འགྲན་སྡུར་གྱི་ཆུ་ཚད་་མཐོར་འདེགས་སུ་གཏོང་བ་དང་། སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཁྱབ་གདལ་དུ་གཏོང་བ། ལུས་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བ། མི་དམངས་བར་གྱི་མཛའ་བཤེས་ཇེ་དམ་དུ་གཏོང་བ་བཅས་ཐད་ལ་ནུས་བ་བཟང་བོ་འདོན་སྤེལ་བྱེད་ཐུབ་པས། ལུས་རྩལ་པ་རྣམས་ཀྱིས་སྤྱོད་བཟང་འདོན་སྤེལ་དང་། ཆུ་ཚད་འགྲན་སྡུར། བྱས་རྗེས་བཟང་བོ་སྐྲུན་པ་བཅས་ཐད་ལ་རེ་བ་བྱེད་ཀྱིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།