ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསེར་གྱོམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་ལ་ཞུགས་པར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཕྱི་འབྲེལ་པུའུ་ཀྲང་མ་ཧྲ་པ་ནེ། པ་ཞིའི་ཕྱི་འབྲེལ་པུའུ་ཀྲང་ནུའུ་ནེ་སི། རྒྱ་གར་གྱི་ཕྱི་འབྲེལ་རྒྱལ་སྲིད་པུའུ་ཀྲང་ཞིན་ཀི་བཅས་ལ་ཐུག་འཕྲད་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་བཙུགས་ནས་ལོ་བཅུ་འགོར་བའི་རིང་ལ། གསེར་གྱོམ་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། རྒྱལ་ཁབ་ལྔའི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་མ་ཟད་འཛམ་གླིང་ཡོངས་ལ་ལྟོ་རྒྱབ་དང་བདེ་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་པར་ཐབས་ཤེས་གསར་བ་འདོན་སྤྲོད་བྱས། ད་ལོར་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་གྱི་ཐེངས་གཉིས་པའི་ལོ་བཅུ་མགོ་བརྩམས་པས། ང་ཚོས་མཉམ་ལས་མཉམ་རྒྱལ་གྱི་གསེར་གྱོམ་སྙིང་སྟོབས་དར་སྤེལ་བྱེད་པ་དང་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་འཕེལ་རྒྱས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། བློ་ཐག་རྦད་ཆོད་སྒོས་སྣེ་མང་རིང་ལུགས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྩི་སྲུང་བྱེད་དགོས། ཚང་མས་ཕྱོགས་གཅིག་ལ་བསམ་གཞིགས་གཏོང་བ་དང་ཕྱོགས་གཅིག་ལ་ཤུགས་བསྣན་ན་གསེར་གྱོམ་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་བཟང་བོ་ཐོབ་ངེས་ཡིན་ཟེར།

རྒྱལ་ཁབ་སོ་སོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོས་བཤད་རྒྱུར། ཀྲུང་གོ་ནི་གསེར་གྱོམ་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཆ་ནས་གསེར་གྱོམ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་བྱ་བ་གང་མང་བསྒྲུབས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། གསེར་གྱོམ་རྒྱལ་ཁབ་ནི་གསར་དར་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པའི་རྐྱེན་སྲོལ་ཞིག་ཡིན། གནས་བབ་གསར་བའི་འོག་ཏུ་གསེར་གྱོམ་རྒྱལ་ཁབ་ཀྱིས་མཐུན་སྦྱོར་དང་མཉམ་ལས་དམ་པོ་བྱས་ཏེ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།