ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་རྫོང་དང་ཞང་གི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་ཡར་སྐུལ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་རྫོང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བ་ཡར་སྐུལ་དང་འཛུགས་སྐྲུན་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བའི་བསམ་བློ་གསར་བ་དང་འཐབ་ཇུས་གསར་བར་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་མཐའ་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། གོམ་གང་མདུན་སྤོས་ཀྱིས་ཏང་ཀྲུང་དབྱང་གི་དམངས་ཆེན་སྒྲིག་སྲོལ་དང་དམངས་ཆེན་བྱ་བའི་ཐབས་ཇུས་བཀོད་སྒྲིག་གཙོ་བོ་ཞིབ་ཚགས་ཀྱིས་དངོས་འབེབ་བྱས་ཏེ། རྫོང་དང་ཞང་གི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་བྱ་དགོས།

ཀྲང་ཏི་ཅང་གིས་བཤད་རྒྱུར། སྤྱི་ལོ2015ལོའི་ཟླ6པའི་ནང་། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གུང་དམངས་ཆེན་རྒྱུས་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་རྫོང་དང་ཞང་གི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུའི་སྐོར་གྱི་བསམ་འཆར་བརྒྱུད་སྤེལ་བྱས་པ་དང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་ཡིན། འདས་པའི་ལོ་གཉིས་ཀྱི་རིང་ལ། ཀྲུང་དབྱང་ཡིག་ཆ་ལག་བསྟར་དོན་འཁྱོལ་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་དང་། རྫོང་དང་ཞང་གི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་རྣམ་པ་གསར་བ་མངོན་ཞིང་། དམངས་ཆེན་སྒྲིག་སྲོལ་དང་དམངས་ཆེན་བྱ་བ་འཐུས་ཚང་དང་འཕེལ་རྒྱས་ཡར་སྐུལ་ལ་རིན་ཐང་བྲལ་བའི་ཉམས་མྱོང་བསགས་ཡོད་པ་དང་། ཉམས་མྱོང་གལ་ཆེན་དེའི་རིགས་ངེས་པར་དུ་ལག་བསྟར་ཁྲོད་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་གཏོང་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།