ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«དུས་སྐབས་གསར་བའི་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཇུས་གཞི»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«དུས་སྐབས་གསར་བའི་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཇུས་གཞི»འགྲེམ་སྤེལ་བྱས་ཏེ། ཐོན་ལས་བཟོ་བའི་དཔུང་སྡེ་དེ་རྒྱལ་ཁབ་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཞག་སྟེ་ཕུགས་འདུན་ཡོད་པ་དང་འདུ་ཤེས་སྲུང་བ། ལག་རྩལ་ཤེས་ཤིང་གསར་སྐྲུན་བྱེད་པ། སྤོབས་པ་ཆེན་པོས་བྱས་རྗེས་འཇོག་པའི་ཐོན་ལས་བཟོ་བའི་དཔུང་སྡེ་ཞིག་གསར་སྐྲུན་བྱེད་དགོས་པ་གསལ་བོར་བསྟན།

«བཅོས་སྒྱུར་ཇུས་གཞིའི»ནང་དུ་ཐོན་ལས་བཟོ་བའི་དཔུང་སྡེ་ཡི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དང་། ཐོན་ལས་བཟོ་བའི་རྩལ་ནུས་མ་ལག་ཆགས་པར་བྱེད་པ། དྲ་འབྲེལ་ལ་བརྟེན་ནས་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཐོན་ལས་བཟོ་བའི་འཕེལ་རྒྱས་ལམ་ལུགས་གསར་སྐྲུན་བྱེད་པ། ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་གྱི་འདེགས་ཤུགས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ་བཅས་ཕྱོགས་ལྔའི་ཐད་ལ་བཅོས་སྒྱུར་བྱེད་ཐབས་ཉེར་ལྔ་བཏོན་ཡོད།

«བཅོས་སྒྱུར་ཇུས་གཞི»གཏན་འཁེལ་དང་ལག་བསྟར་བྱེད་པ་ནི་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་གྱི་བཅོས་སྒྱུར་ཐད་ལ་ཆེད་དུ་བཀོད་སྒྲིག་དང་འཆར་འགོད་བྱས་པ་དང་། ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོ་ཡིན། དེ་ལས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོན་ལས་བཟོ་བ་དང་བཅས་པའི་བཟོ་བ་གྲལ་རིམ་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་ལྷག་བསམ་སྒོས་ཐུགས་ཁུར་གནང་བ་མཚོན་ཡོད་པ་དང་། ཏང་ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་དང་བློ་སེམས་བརྩེ་གཅིག་སྒོས་བཟོ་བ་གྲལ་རིམ་ལ་བརྟེན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་མཚོན་ཡོད། དེ་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། ཐོན་ལས་བཟོ་བའི་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བར་དོན་སྙིང་གལ་ཆེན་ལྡན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།