ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་སྐོར་ཐེངས་དགུ་བར་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་འཐུས་མི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

38a8083a2d239dcb27553869def90ad3.jpg

ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་སྐོར་ཐེངས་དགུ་བར་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་བཟོ་ཚོང་གཙོ་འཛིན་དང་སྔོན་ཆད་ཀྱི་མཐོ་རིམ་དཔོན་རིགས་ཀྱི་གྲོས་མོལ་སྐོར་ཐེངས་དགུ་བར་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་བྱས།

ལིས་ཁི་ཆང་གིས་བཤད་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བའི་རྒྱལ་ཁབ་དང་ཆེས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡིན་པའི་ཆ་ནས། དཔལ་འབྱོར་གྱི་ཁ་གསབ་ཤུགས་ཚད་ཆེ་བ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་དང་འབྲེལ་འདྲིས་དམ་པས། ཐུན་མོང་གི་ཁེ་ཕན་དེ་འགལ་བ་ལས་ཤུགས་ཆེ། ཅང་མ་འགོར་བའི་སྔོན་ལ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་མུ་མཐུད་དུ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་ཐུན་མོང་གི་ལྟ་ཚུལ་བཏོན། ཕྱོགས་གཉིས་ཀྱིས་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྩ་དོན་གཞིར་བཟུང་སྟེ་མཉམ་ལས་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གྲོས་མོལ་བྱས་པ་བརྒྱུད་དེ་འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་བཅད་ན་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་ཐུབ་པ་དང་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ལ་ཕན་པ་ཡོད་ཟེར།

ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བརྟན་བརླིང་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བ་དེ་ཕྱོགས་གཉིས་དང་འཛམ་གླིང་ཡོངས་ལ་དོན་སྙིང་གལ་ཆེན་ལྡན། ཨ་མེ་རི་ཁའི་ཁེ་ལས་ལས་རིགས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོས་བཟོད་སྒོམ་དང་འོས་འཚམ་སྒོས་འགལ་བ་སྣ་ཚོགས་ཐག་གཅོད་པ་དང་། ཕྱོགས་གཉིས་ཀྱི་འདྲ་མཉམ་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། སྔར་ལས་མང་པོའི་ལས་ཞུགས་དང་འཕར་སྣོན་གོ་སྐབས་གསར་སྐྲུན་བྱེད་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།