ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་ཀྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་ཧའེ་ནན་པའོ་ཨོ་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་ཀྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་དྲུག་པ་ཚེས་ཉེར་གཉིས་ཉིན་ཧའེ་ནན་པའོ་ཨོ་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པའོ་དང་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲན་ཞི་དང་། ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཆའོ་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

ལིག་ཆི་པའོ་ཡིས་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཡིན་པས། གསར་འགྱུར་གླེང་ཕྱོགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། དེ་བདེན་ལུགས་དྲིལ་སྒྲོག་དང་མང་ཚོགས་རྩ་འཛུགས། བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ལྡན་མཚོན་ཆ་ལྟ་བུར་བརྩིས། ཐེངས་འདིའི་ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་ཀྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་སྟེང་གནས་བབ་གསར་བའི་འོག ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་མགོ་ཁྲིད་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་གཙིགས་འཛིན་དང་ལེགས་བཅོས་བྱེད་པར་དམིགས་ནས་བགྲོ་གླེང་དང་བརྗེ་རེས་བྱེད་པ་དང་། ཕན་ཚུན་བར་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་མ་ཟད། ཏང་གཉིས་ཀྱིས་རང་ཉིད་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བར་ཁོར་ཡུག་བཟང་བོ་སྐྲུན་པར་ཕན་པ་ཡོད། ལིག་ཆི་པའོ་ཡིས་ཏང་གིས་སྨྱན་བྱད་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུུན་འཁྱོངས་དང་། དྲང་ཕྱོགས་དྲིལ་སྒྲོག་གཙོ་ཡིན་པ་རྒྱུན་འཁྱོངས། གླེང་ཕྱོགས་འོས་འཚམ་སྒོས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས། སྨྱན་བྱད་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས། གསར་འགྱུར་དྲིལ་སྒྲོག་གསར་གཏོད་བྱེད་པ་རྒྱུྣན་འཁྱོངས། ཚད་རིག་དང་ཚན་ལྡན་སྒོས་དོ་དམ་བྱེད་པ་རྒྱུན་འཁྱོངས་བཅས་བྱེད་པའི་ཐད་ནས་། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་གསར་འགྱུར་གླེང་ཕྱོགས་བྱ་བར་གཙིགས་འཛིན་དང་ལེགས་བཅོས་བྱེད་པ་སོགས་ཀྱི་བྱེད་ཐབས་དང་ཉམས་མྱོང་མཚམས་སྦྱོར་བྱས།

ཀྲན་ཞི་ཡིས་སྙན་ཞུ་འབུལ་སྐབས་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གིས་གསར་འགྱུར་སྨྱན་བྱད་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་མཚམས་སྦྱོར་བྱས།

བགྲོ་གླེང་ཚོགས་འདུའི་སྔོན་ལ། ལིག་ཆི་པའོ་ཡིས་ཀྲན་ཞི་དང་ཅི་ཆའོ་གཉིས་དང་སོ་སོར་གྲོས་མོལ་བྱས་ནས། ཀྲུང་གོ་དང་ལའོ་ཝུའོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཏང་གཉིས་ཀྱི་དྲིལ་སྒྲོག་ལས་ཁུངས་དང་རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་ལས་ཁུངས་བར་གྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།