ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཡུན་ཧྲན་གྱིས་ལེའོ་ཉིན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1498360458133194.jpg

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ལེའོ་ཉིན་ཞིང་ཆེན་གྱི་དབྱིན་ཁུ་དང་ཧུའུ་ལུའུ་ཏའོ། ཅིན་ཀྲིག ཁྲའོ་ཡང་བཅས་ས་ཁུལ་ནས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་གཙིགས་འཛིན་བྱེད་པའི་ཐད་ལ་རྟོག་ཞིབ་བྱས། 

1498360459786740.jpg

1498360459642534.jpg

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར་ལེའོ་ཉིན་ཞིང་ཆེན་གྱི་དབྱིན་ཁུ་དང་ཧུའུ་ལུའུ་ཏའོ། ཅིན་ཀྲིག ཁྲའོ་ཡང་བཅས་ས་ཁུལ་ནས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་གཙིགས་འཛིན་བྱེད་པའི་ཐད་ལ་རྟོག་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཞི་རིམ་བྱ་བའི་ཁ་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་ལ་ཤུགས་བསྣན་ཏེ། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་བྱ་འགུལ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱི་ཅན་ཁྲང་སྡེ་བ་དང་ཁྲའོ་ཡང་གྲོང་ཁྱེར་གྱི་ཏུང་ཀོན་དབྱིན་སྡེ་བ། པེ་ཕིའོ་གནད་འཁེལ་དབུལ་སྐྱོར་ཆ་འཕྲིན་བརྗེ་རེས་དོ་དམ་ལྟེ་གནས་བཅས་སུ་ལིག་ཡུན་ཧྲན་གྱིས་ཏང་ཀྲི་པུའུ་ཡི་བྱ་བ་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། སྡེ་བས་བསྒྲུབས་པའི་ཁེ་ལས་དང་ཞིང་བ་ཁྱིམ་ཚང་དུ་སོང་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁྲའོ་ཡང་གྲོང་ཁྱེར་ནས་ལིག་ཡུན་ཧྲན་གྱིས་མགོ་འཛིན་བྱས་ཏེ་ཞིང་སྡེའི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གནས་ཚུལ་མཚམས་སྦྱོར་དང་བསམ་འཆར་དང་གྲོས་གཞི་བཅས་ལ་ཉན། ལིག་ཡུན་ཧྲན་གྱིས་བཤད་རྒྱུར། གཞི་རིམ་དང་རྨང་གཞི་ནི་ང་ཚོ་ཏང་གི་གཞི་རྩ་ཡིན་པས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱ་བར་རྒྱུན་འཁྱོངས་ལྷོད་མེད་སྒོས་གཙིགས་འཛིན་བྱེད་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཡི་ཆབ་སྲིད་ཁྲིད་སྟོན་གྱི་ནུས་པ་ཇེ་ཆེར་གཏོང་བ། སྣེ་ཁྲིད་པ་བཟང་བོ་བསྐོ་འཇོག་བྱས་ནས། གཞི་རིམ་ཏང་རྩ་འཛུགས་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གོ་ལེའོ་ཉིན་རང་དབང་ཉོ་ཚོང་ཚོད་ལྟའི་དབྱིན་ཁུ་ས་ཁུལ་དང་དབྱིན་ཁུ་གྲོང་ཁྱེར་ཧུང་ལེན་གཞིས་ཁུལ། ཅིན་ཀྲིག་གྲོང་ཁྱེར་ཞི་ཅེ་གཞིས་ཁུལ་བཅས་སུ་ལིག་ཡུན་ཧྲན་གྱིས་ལས་བྱེད་པ་དང་མང་ཚོགས་དང་བརྗེ་རེས་ཟབ་མོ་བྱས་པར་མ་ཟད། ཀུན་སྤྱོད་ལེགས་སྒྱུར་དང་དམངས་ལ་ཞབས་ཕྱི་སྒྲུབ་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། གུང་ཁྲན་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་ཕྱི་སྒྲུབ་དགོས་ལ། ངེས་པར་དུ་ཏང་གི་གཞི་རྩའི་དམིགས་འབེན་སེམས་སུ་དམ་པོར་བཅངས་ཏེ། བློ་གཅིག་སེམས་གཅིག་སྒོས་མི་དམངས་མང་ཚོགས་ལ་དོན་བཟང་སྒྲུབ་པ་དང་ཁོ་ཚོའི་དཀའ་ཁག་སེལ་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས། ལིག་ཡུན་ཧྲན་ད་རུང་ལེའོ་ཧྲིན་དམག་འཁྲུག་རྗེས་དྲན་ཁང་དང་ཅིན་ཀྲིན་དམག་མི་རྒན་པའི་གློག་བརྙན་འཁྲབ་སྟོན་འགྲེམ་སྟོན་ཁང་ལ་སོང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རིག་གནས་དང་བླངས་པའི་ཞབས་ཞུའི་གནས་ཚུལ་ལ་རྒྱུས་ལོན་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།