ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པས་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1498361101933967.jpg

ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཐོན་རྫས་རྒྱུ་སྤུས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་སྦྲེལ་ཏེ་ཆེད་དོན་འདྲི་གཅོད་བྱས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཚོགས་སུ་ཞུགས།

1498361101394261.jpg

ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཐོན་རྫས་རྒྱུ་སྤུས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་སྦྲེལ་ཏེ་ཆེད་དོན་འདྲི་གཅོད་བྱས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཚོགས་སུ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པས་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཐོན་རྫས་རྒྱུ་སྤུས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་སྦྲེལ་ཏེ་ཆེད་དོན་འདྲི་གཅོད་བྱས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གྲོས་ཚོགས་སུ་ཞུགས།

ཨུ་ཡོན་ཀྲང་གཞོན་པ་ཀྲང་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་སྲིད་ཨུ་ཡོན་ཀའོ་ཧྲིན་ཁུན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས་ཏེ་འདྲི་གཅོད་དང་ལེན་བྱས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བའི་རྐང་ཚུགས་ས་དེ་ཐོན་རྫས་ཀྱི་རྒྱུ་སྤུས་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བའི་ཕྱོགས་སུ་སྒྱུར་དགོས་པ་གཏན་འཁེལ་གསལ་བོ་བྱས། ད་ལོའི་ཟླ་གསུམ་པ་ནས་ཟླ་ལྔ་བའི་བར་དུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོན་རྫས་རྒྱུ་སྤུས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྤེལ། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནས་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་ཐོན་རྫས་རྒྱུ་སྤུས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཚན་ཆུང་བགོས་ཏེ་གྲོས་ཞིབ་བྱས། ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོར་མུ་མཐུད་དུ་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་འདྲི་གཅོད་བྱས།

འདྲི་གཅོད་བྱས་ཚར་རྗེས། ཀྲང་ཕིང་གིས་ནན་གྱིས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་དང་ཨུ་ཡོན་རྣམས་ཀྱིས་གྲོས་ཞིབ་བྱེད་སྐབས་བཏོན་པའི་གནད་དོན་དང་གྲོས་གཞིར་ཞིབ་འཇུག་ཟབ་མོ་བྱེད་དགོས་ལ། ནུས་ལྡན་བྱེད་ཐབས་སྤྱད་དེ་བྱ་བ་དངོས་སུ་ལེགས་སྒྱུར་བྱེད་དགོས་པར་མ་ཟད། དུས་ལྟར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བྱ་བ་ཡར་ཞུ་བྱེད་དགོས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དེའི་རྗེས་འབྲངས་ནས་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། ཐོན་རྫས་རྒྱུ་སྤུས་བཅའ་ཁྲིམས་ཀྱི་གཏན་འབེབས་སྣ་ཚོགས་ཁྱོན་ཡོངས་དང་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།