ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས«ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས«ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ། «བསམ་འཆར»ལས་བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མྱུར་དུ་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་བཅས་ཕྱོགས་ནས་གནས་བབ་གསར་བའི་འོག་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་ཐད་ལ་རེ་བ་གསལ་བོ་བཏོན་པ་དང་གཅིག་གྱུར་འཆར་འགོད་ཀྱི་བཀོད་སྒྲིག་གཏན་ལ་ཕབ།

«བསམ་འཆར»ལས་བཀོད་དོན། རྒྱལ་ཁབ་བཅོས་སྐྱོང་བྱེད་དགོས་ན་ཐོག་མར་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་བཅོས་སྐྱོང་བྱེད་དགོས་ན་ངེས་པར་དུ་བཅོས་སྐྱོང་ནན་མོ་བྱེད་པ་དང་། བཅོས་སྐྱོང་ནན་མོ་བྱེད་དགོས་ན་ངེས་པར་དུ་ཁྲིམས་ལྟར་བཅོས་སྐྱོང་བྱེད་དགོས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་ནི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོ་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཡང་ཡིན་པས། ཏང་གིས་ཡུན་རིང་དུ་སྲིད་འཛིན་བྱེད་པ་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་དང་འབྲེལ་བ་ཡོད་ཟེར།

«བསམ་འཆར»ལས་བཀོད་དོན། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་བར་དུ། ཅུང་འཐུས་ཚང་ཡིན་པའི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་དང་། ཕན་ནུས་མཐོ་བའི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་མ་ལག ནུས་ཤུགས་ཆེ་བའི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་འགན་སྲུང་མ་ལག ཏང་གིས་ཏང་ནང་གི་ཁྲིམས་སྲོལ་ལྟར་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་བཅས་མངོན་གསལ་སྒོས་ཇེ་ཆེར་གཏོང་དགོས།

«བསམ་འཆར»ལས་ནན་གྱིས་བཀོད་དོན། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་ནི་ཏང་གི་སྒྲིག་ཡིག་གཞི་རྩར་འཛིན་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་སྲོག་ཤིང་དུ་བརྩིས་པར་མ་ཟད། ཚད་གཞི་དང་སྲོལ་ཡིག་སོགས་ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་གཙོ་བོར་བཟུང་སྟེ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ལས་གྲུབ་པ་དང་གཅིག་གྱུར་བྱས་པ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།