ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་བྱས་ཏེ་ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་དྲུག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་མགོ་འཛིན་བྱས་ཏེ་ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་དྲུག་པ་བསྡུས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ། ཁོས་བརྒྱུད་རིམ་རང་བཞིན་དང་སྤྱི་ཁོག་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་མཐོང་ཆེན་བྱེད་པ་ནི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡང་ཡིན། བཅོས་སྒྱུར་ཇི་ལྟར་ཟབ་སྤེལ་བྱེད་ན། དེ་ལྟར་མཐུན་སྦྱོར་བྱེད་པར་མཐོང་ཆེན་བྱེད་དགོས། བཅོས་སྒྱུར་ཇུས་གཞི་མཐུན་སྦྱོར་ཡོང་བར་བྱེད་དགོས་ལ། བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བར་མཐུན་སྦྱོར་བྱེད་དགོས་པར་མ་ཟད། བཅོས་སྒྱུར་གྱི་གྲུབ་འབྲས་མཐུན་སྦྱོར་ཡོང་བར་བྱས་ནས། བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་སྲིད་ཇུས་ཁ་ཕྱོགས་ཐད་ནས་ཕན་ཚུན་ལ་གཞོགས་འདེགས་བྱེད་པ་དང་། ལག་བསྟར་བརྒྱུད་རིམ་ཁྲོད་ཕན་ཚུན་ལ་སྐུལ་འདེད་བཏང་སྟེ། བཅོས་སྒྱུར་གྱི་གྲུབ་འབྲས་ཐོབ་པར་བྱེད་དགོས་པར་མ་ཟད། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ལ་དམིགས་ནས་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཡུན་ཧྲན་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ཇུས་གཞི་དང་། ཀྲུང་དབྱང་ཁེ་ལས་ཀུང་ཟི་ལམ་ལུགས་བཅོས་སྒྱུར་བྱ་བའི་ལག་བསྟར་ཇུས་གཞི། ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་གཅིག་གྱུར་རྩིས་བཤེར་བཅོས་སྒྱུར་ཇུས་གཞི། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུའི་སྤྱིའི་ཇུས་གཞི། ཕྱི་རྒྱལ་གྱི་ཁེ་ལས་དང་ཕྱི་ཕྱོགས་དངུལ་གཏོང་བདེ་འཇགས་བྱ་བ་ལེགས་སྒྲུབ་བྱེད་པའི་སྐོར་གྱི་བསམ་འཆར་རབ་དང་རིམ་པ། ཧང་ཀྲིག་མཉམ་འབྲེལ་དྲ་རྒྱའི་ཁྲིམས་ཁང་འཛུགས་པའི་སྐོར་གྱི་ཇུས་གཞི། ཅང་ཞི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ས་ཁུལ་ལག་བསྟར་ཇུས་གཞི། ཀོས་ཀྲིག་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ས་ཁུལ་ལག་བསྟར་ཇུས་གཞི་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ཧྥུའུ་ཅན་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སྙན་ཞུ་དང་། ཀྲུང་གོ་ཀོང་ཏུང་དང་ཀྲུང་གོ་ཐེན་ཅིན། ཀྲུང་གོ་ཧྥུའུ་ཅན་བཅས་རང་དབང་ཉོ་ཚོང་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་པའི་ལོ་གཉིས་རིང་གི་གནས་ཚུལ་སྤྱི་བསྡོམས་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས།

ཀྲུང་དབྱང་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་མི་སྣ་གྲོས་ཚོགས་སུ་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཟུར་དུ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།