ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་གོ་བདུན་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་གོ་བདུན་པ་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཆའོ་ཞའོ་ཡང་གིས་ཕུལ་བའི་རྒྱལ་ཁབ་གསང་འཕྲིན་བཅའ་ཁྲིམས་འཆར་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ་མ་ཡིག་ལ་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་ཡར་ཞུ་དང་། ཆུ་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཀྱི་ཆོད་དོན་འཆར་ཟིན་ལ་བཟོ་བཅོས་བྱེད་པའི་བསམ་འཆར་སྐོར་གྱི་ཡར་ཞུ། སྲིད་འཛིན་ཞུ་གཏུག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་དམངས་དོན་ཞུ་གཏུག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚའོ་ཝེ་ཀྲིག་གིས་ཕུལ་བའི་ཨེ་ཤ་ཡ་དབུས་མའི་ཁུལ་ཁོངས་དཔལ་འབྱོར་མཉམ་ལས་སློབ་གླིང་འཛུགས་པའི་ཆོད་དོན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་ཡར་ཞུ་ལ་ཉན།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་སལ་ཨུ་ཡོན་ལྷན་ཁང་སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཁུན་གྱིས་ཕུལ་བའི་ཉིས་སྟོང་བཅུ་དྲུག་ལོའི་ཀྲུང་དབྱང་ངེས་རྩིས་འཆར་ཟིན་དང་ཉིས་སྟོང་བཅུ་དྲུག་ལོའི་ཀྲུང་དབྱང་ངེས་རྩིས་སྙན་ཞུའི་གནས་ཚུལ་གྱི་ཡར་ཞུ་ལ་ཉན།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཝང་ཁྲིན་གྱིས་ཕུལ་བའི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་གི་སྙན་ཞུ་དང་བསྐོ་ལེན་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་རེ་བ་ལྟར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་བསམ་འཆར་ལྟར་དུ་གོང་གི་གྲོས་གཞི་དང་འཆར་ཟིན་དག་ལ་སྔར་ལས་གྲོས་ཞིབ་བཟོ་བཅོས་བྱས་རྗེས། ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་གོ་བརྒྱད་པར་སྤྲད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པ་གྲོལ་བའི་མཛད་སྒོའི་སྟེང་བརྡས་ཐག་གཅོད་པར་སྤྲོད་མིན་ཐག་གཅོད་དུ་འཇུག་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།