ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སི་མཛའ་མཐུན་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་སྨྱན་བྱད་དང་ཁེ་ལས་ལས་རིགས་ཀྱི་འཐུས་མིར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平同俄罗斯总统普京.jpg

ཟླ་བདུན་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མའོ་སི་ཁོ་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་མཛའ་མཐུན་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་སྨྱན་བྱད་དང་ཁེ་ལས་ལས་རིགས་ཀྱི་འཐུས་མིར་ཐུག་འཕྲད་བྱས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཞི་ཉིན་མོ་སི་ཁོ་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་མཛའ་མཐུན་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་སྨྱན་བྱད་དང་ཁེ་ལས་ལས་རིགས་ཀྱི་འཐུས་མིར་ཐུག་འཕྲད་བྱས།

ཞི་ཅིན་ཕིང་གིས་བཤད་རྒྱུར། ལོ་མང་པོའི་རིང་ལ། ཀྲུང་གོ་དང་ཨུ་རི་སི་གཉིས་ཀྱིས་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེ་བསྟན། ཀྲུང་གོ་དང་ཨུ་རུ་སི་མཛའ་མཐུན་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་རིང་ལ། ཀྲུང་གོ་དང་ཨུ་རུ་སིའི་བར་དམངས་ཁྲོད་འགྲོ་འོང་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གལ་ཆེན་བཞག ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་སྨྱན་བྱད་ལས་ཁུངས་བར་གྱི་བརྗེ་རེས་ལོའི་བྱ་འགུལ་མཇུག་བསྡུ་བའི་ལོ་ཡིན། རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་ལས་ཁུངས་བར་གྱི་གྲོས་མོལ་དང་བརྗེ་རེས་ཉིན་རེ་བཞིན་ཇེ་དམ་དུ་སོང་བ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་ཉིན་རེ་བཞིན་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་སྔར་ལས་ཇེ་དམ་དུ་བཏང་། ཀྲུང་གོ་དང་ཨུ་རུ་སིའི་ཁེ་ལས་པ་རྣམས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ། གཉིས་ཕན་མཉམ་རྒྱལ་དང་མཉམ་སྤྱོད་མཉམ་རྒྱལ་བྱེད་པ་དེ་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཀྱི་ནང་དོན་གཙོ་བོར་གྱུར་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བཤད་རྒྱུར། ཀྲུང་གོ་དང་ཨུ་རུ་སི་གཉིས་ནི་རི་ཆུ་འབྲེལ་བའི་མཛའ་མཐུན་ཁྱིམ་མཚེས་ཡིན་པས། ང་ཚོས་ལག་གདང་སྦྲེལ་ནས་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འབུལ་དགོས་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་བརྟན་དང་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་ཕུལ་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་རེ་སྙེག་བྱེད་པའི་ཕུགས་འདུན་བཟང་བོ་མཉམ་དུ་མངོན་འགྱུར་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། དམངས་ཁྲོད་བར་གྱི་མཛའ་མཐུན་འགྲོ་འོང་དེས་ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་། ཨུ་རུ་སི་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་སོགས་ཚོགས་ཁག་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས། རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་ལས་ཁུངས་བཅས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་བཟང་བོ་བཞག་པར་བཀའ་དྲིན་ཞུས་པ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།