ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平同俄罗斯总统普京举行会谈.jpg

ཟླ་བདུན་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁི་ཁི་ལིན་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁི་ཁི་ལིན་མུའུ་ལིན་ཕོ་བྲང་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཧུར་ཐག་སྒོས་ཀྲུང་གོ་དང་ཨུ་རུ་སིའི་སྲོལ་རྒྱུན་མཛའ་བཤེས་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པར་མ་ཟད། མཉམ་དུ་འབད་བརྩོན་བྱས་ཏེ་འདྲ་མཉམ་ཡིད་ཆེས་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། མཉམ་དུ་དར་རྒྱས་སུ་འགྲོ་བ། མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ཐག་བཅད།

ཞི་ཅིན་ཕིང་གིས་བཤད་རྒྱུར། བདག་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱས་པ་དེས་ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་སྒོས་ཆུ་ཚད་མཐོ་བར་འཕེལ་རྒྱས་སུ་འགྲོ་བ་དང་མུ་མཐུད་དུ་གྲུབ་འབྲས་གསར་བ་ཐོབ་པར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་བར་གནས་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་བྱས་ཏེ། དངུལ་གཏོང་དང་ནུས་ཁུངས། མི་གཞུང་། ས་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ལ། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་མཐུན་སྦྱོར་དང་གཞོགས་འདེགས་དམ་པོ་བྱེད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་གསལ་བོར་ཤེས་པར་བྱས་ཏེ། ཆབ་སྲིད་དང་འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་པ་དང་དངོས་གཉེར་མཉམ་ལས་ལག་བསྟར་བྱེད་པ་དང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཨུ་རུ་སི་ལ་འཚམས་འདྲིར་ཡོང་བར་དོན་སྙིང་གལ་ཆེན་ཡོད། བདག་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ཧ་ཅང་བཟང་བའི་བྱ་བའི་འབྲེལ་བ་དང་མཛའ་བཤེས་ཟབ་མོ་བཙུགས་ཡོད། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་བདག་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་བསམ་འཆར་བརྗེ་རེས་བྱས་ཏེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་ཞིང་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་རོགས་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།