ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས《ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》(གཤམ་ནས《བསམ་འཆར》ཞེས་བསྡུས་ཡོད།)དཔར་འགྲེམ་བྱས། 《བསམ་འཆར》ནང་དུ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་ཁྲིམས་ལྟར་ཏང་སྐྱོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་མཐའ་འཁྱོལ་བྱས་ཡོད་པ་དང་། མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་མགྱོགས་མྱུར་སྒོས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་ཤུགས་ཇེ་མཐོར་གཏོང་བ། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་ཕྱོགས་ནས། གནས་བབ་གསར་པའི་འོག་གི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པར་བླང་བྱ་གསལ་པོ་བཏོན་ཅིང་གཅིག་གྱུར་བཀོད་སྒྲིག་བྱས་ཡོད།

《བསམ་འཆར》ནང་དུ་རྒྱལ་ཁབ་སྐྱོང་ན་ཐོག་མར་ངེས་པར་ཏང་སྐྱོང་བ་དང་། ཏང་སྐྱོང་ན་ངེས་པར་ནན་མོ་བྱ་དགོས། ནན་མོ་བྱེད་ན་ངེས་པར་བརྟེན་སའི་ཁྲིམས་ཤིག་དགོས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པ་ནི་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་ཁྲིམས་ལྟར་ཏང་སྐྱོང་བའི་དགོས་ངེས་ཀྱི་བླང་བྱ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་བྱེད་པའི་འགན་སྲུང་གཙོ་བོ་བཅས་ཡིན་པས། ཏང་གིས་ཡུན་རིང་དུ་སྲིད་འཛིན་པ་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལ་འབྲེལ་བ་ཡོད་ཅེས་བསྟན།

《བསམ་འཆར》ནང་དུ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ངེས་པར་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། “གནས་ལྔ་ཕུང་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་བྱས་ནས་སྐུལ་འདེད་བྱེད་པ་དང་དམ་པོར་སྦྲེལ་ཞིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྲ་བརྟན་དུ་བཞེངས་ཏེ། ཏང་གི་སྒྲིག་ཡིག་རྩ་བའི་བརྩི་བྱ་ཡིན་པ་དང་། བསམ་བློའི་སྟེང་ནས་ཏང་འཛུགས་པ་དང་ལམ་ལུགས་ཀྱི་སྟེང་ནས་ཏང་སྐྱོང་བ་གཉིས་ཕན་ཚུན་སྦྲེལ་བ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་ནས་རྒྱལ་སྐྱོང་སྲིད་གཉེར་ཚང་མ་དོན་དངོས་ནས་མགོ་རྩོམ་པ། གཏན་འབེབས་དང་ལག་བསྟར་གཉིས་ཀ་མཉམ་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ།གསར་གཏོད་བཅོས་བསྒྱུར་བྱེད་པ་དང་དུས་བསྟུན་ལྷན་སྐྱོད་བྱས་ནས། ཀྲུང་དབྱང་གི་བླང་བྱ་དང་མང་ཚོགས་ཀྱི་རེ་བ། ལག་ལེན་གྱི་དགོས་མཁོ། ཉམས་མྱོང་གསར་པ་བཅས་མཉམ་དུ་སྦྲེལ་བ་དང་། ཏང་གི་བྱ་བ་དང་ཏང་གི་འཛུགས་སྐྲུན་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་བྱེད་པ་དང་། ཏང་གི་སྲིད་འཛིན་ནུས་པ་དང་མགོ་ཁྲིད་ཆུ་ཚད་ཇེ་མཐོར་གཏོང་བ། ཉེན་ཁ་བཀག་འགོག་དང་རུལ་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཐད་སྟོབས་དང་ལྡན་པའི་ཁྲིམས་སྲོལ་ལམ་ལུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱས་ཏེ། ཏང་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྟོབས་དང་ལྡན་པའི་མགོ་ཁྲིད་གཙོ་བོར་འགྱུར་བར་ཁག་ཐེག་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《བསམ་འཆར》ནང་དུ་ཏང་བཙུགས་ནས་ལོ་འཁོར100ལོན་པའི་སྐབས་སུ། ཅུང་འཐུས་ཚང་ཡིན་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་དང་། ཕན་མཐོའི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་གྱི་མ་ལག སྟོབས་ཤུགས་ཡོད་པའི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་པའི་འགན་སྲུང་མ་ལག་བཅས་གྲུབ་ནས། ཏང་གིས་ཏང་ནང་གི་ཁྲིམས་སྲོལ་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས་པ་བཏོན་ཡོད།

《བསམ་འཆར》ནང་དུ་ནན་གྱིས་བསྟན་དོན། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་ནི་ཏང་གི་སྒྲིག་ཡིག་རྩ་བ་ཡིན་པ་དང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་སྲོག་ཤིང་ཡིན་པ། ཚད་གཞི་དང་སྲོལ་ཡིག་སོགས་ཀྲུང་དབྱང་གི་ཏང་ནང་གི་ཁྲིམས་སྲོལ་དོན་སྙིང་གལ་ཆེན་བཅས་བྱས་ཏེ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱིས་གྲུབ་པའི་གཅིག་གྱུར་དམ་པའི་ཕུང་པོ་ཞིག་ཡིན། དམིགས་འབེན་གྱི་ཁ་ཕྱོགས་དང་གནད་དོན་གྱི་ཁ་ཕྱོགས་རྒྱུན་སྐྱོང་བྱེད་པ་དང་། “གཙོ་གཞི་ཚད་ལྡན་དུ་གཏོང་བ་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བ”བཅས་ཕན་ཚུན་གཅིག་གྱུར་དང་ཕན་ཚུན་མཐུན་སྦྱོར་ཡིན་པའི་རྩ་དོན་ལྟར། “1+4”རྩ་བའི་སྒྲོམ་གཞི་ཡིན་པའི་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་སྟེ། ཏང་གི་སྒྲིག་ཡིག་འོག་ཏུ་་ཏང་གི་རྩ་འཛུགས་ཁྲིམས་སྲོལ་ལམ་ལུགས་དང་ཏང་གི་མགོ་ཁྲིད་ཀྱི་ཁྲིམས་སྲོལ་ལམ་ལུགས། ཏང་གི་རང་ཉིད་འཛུགས་སྐྲུན་གྱི་ཁྲིམས་སྲོལ་ལམ་ལུགས། ཏང་གི་ལྟ་སྐུལ་འགན་སྲུང་ཁྲིམས་སྲོལ་ལམ་ལུགས་བཅས་ནང་དོན་ཆེན་པོ4རུ་བགོས་ཡོད། ཏང་གི་རྩ་འཛུགས་ཀྱི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་སྣ་ཚོགས་འབྱུང་བ་དང་དེའི་འགན་འཁྲི་ཁྱོན་ཡོངས་ནས་ཚད་ལྡན་དུ་གཏོང་བ། ཏང་གིས་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱེད་པ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་རྩ་འཛུགས་ལམ་ལུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཏང་གི་མགོ་ཁྲིད་ཀྱི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཏང་གིས་ཕྱོགས་སོ་སོའི་བྱ་བར་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་ལེགས་བཅོས་བྱས་ནས། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་ཕྱོགས་སོ་སོའི་མགོ་ཁྲིད་གཙོ་བོའི་ནུས་པ་མཐུན་སྦྱོར་ངང་འདོན་སྤེལ་གང་ལེགས་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཏང་གི་རང་ཉིད་འཛུགས་སྐྲུན་གྱི་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཏང་གི་བསམ་བློའི་འཛུགས་སྐྲུན་དང་རྩ་འཛུགས་ཀྱི་འཛུགས་སྐྲུན། སྤྱོད་ཚུལ་གྱི་འཛུགས་སྐྲུན། རུལ་རྒོལ་གཙང་སྤེལ་བྱེད་པའི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་པ་དང་། ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་གསར་གཏོད་ནུས་པ་དང་གོང་བུར་སྒྲིལ་ཤུགས། འཐབ་རྩོད་ནུས་པ་བཅས་ཇེ་དྲག་ཏུ་གཏོང་དགོས། ཏང་གི་ལྟ་སྐུལ་འགན་སྲུང་ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཏང་གི་རྩ་འཛུགས་ཀྱི་བྱ་བ་དང་བྱ་འགུལ། ཏང་ཡོན་གྱི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་པ་དང་དཔྱད་ཞིབ་བྱེད་པ། བྱ་དགའ་སྟེར་ཞིང་ཆད་པ་གཅོད་པ། འགན་སྲུང་བྱེད་པ་སོགས་དངོས་གནས་ཚད་ལྡན་དུ་གཏོང་བ་དང་། ཏང་དང་མི་དམངས་ཀྱིས་བསྩལ་པའི་དབང་ཆ་བཀོལ་སྤྱོད་བཟང་པོ་བྱེད་པར་ཁག་ཐེག་ནན་ཏན་བྱེད་དགོས།

《བསམ་འཆར》ནང་དུ།ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་གཏན་འབེབས་བྱེད་པར་ངེས་པར་སྤུས་ཚད་ཅེས་པའི་གནད་འགག་འདི་དམ་པོར་བཟུང་ནས། ཁ་ཕྱོགས་ཡང་དག་དང་ནང་དོན་ཚན་རིག་དང་མཐུན་པ། གོ་རིམ་ཚད་ལྡན་བཅས་ཡིན་པ་དང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་ནང་དོན་ཚང་མ་ཚུགས་ཐུབ་པ་དང་གོ་ཆོད་པ། དོ་དམ་བྱ་ཐུབ་པ་ཞིག་ཡིན་པར་ཁག་ཐེག་ནན་ཏན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

《བསམ་འཆར》ནང་དུ་བླང་བྱ་བཏོན་དོན། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་ལག་བསྟར་ནུས་པ་ཇེ་མཐོར་བཏང་སྟེ། རིམ་པ་གོང་མས་རིམ་པ་འོག་མར་མ་དཔེ་སྟོན་པ་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་ཁུངས་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ནས་མགོ་བརྩམས་ཏེ། རང་དཔེ་གཞན་སྟོན་བྱེད་པ་དང་བླང་བྱ་ནན་མོ་བཟུང་ནས། སྣེ་ཁྲིད་དེ་ཁྲིམས་སྲོལ་སློབ་པ་དང་བརྩི་བ། བེད་སྤྱོད་བྱེད་དགོས། སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་བྱེད་་པ་དང་། ཏང་ནང་གི་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ནི་རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ནང་དོན་གཙོ་བོར་བརྩི་བ་དང་། ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་།ལས་བྱེད་པའི་སློབ་གླིང་གི་ངེས་པར་སློབ་དགོས་པའི་བསླབ་བྱར་བརྩི་དགོས། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་དེ་རིམ་པ་སོ་སོའི་ཏང་ཨུ་ཡིས་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་སྐོར་ཞིབ་བྱེད་པའི་ནང་དོན་གཙོ་བོར་བརྩིས་ཏེ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་ལ་དུས་བཅད་ལྟར་ལྟ་སྐུལ་དང་ཞིབ་བཤེར་བྱེད་པ་དང་། ཆེད་དམིགས་ལྟ་སྐུལ་བྱེད་དགོས། འགན་འཁྲི་རྩད་གཅོད་བྱེད་པ་དང་ཆད་པ་གཅོད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ལ་འགལ་ཞིང་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱེད་དགོས། སྙན་སེང་ཐོ་འགོད་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གོང་འོག་གཅིག་ཏུ་སྦྲེལ་བའི་སྙན་སེང་ཐོ་འགོད་ཀྱི་བྱ་བའི་མ་ལག་བཙུགས་ཏེ། སྙན་སེང་ཐོ་འགོད་ཀྱི་བྱ་བར་དཔྱད་ཞིབ་བྱེད་པ་དང་བརྡ་ཁྱབ་སྤེལ་བའི་ལམ་ལུགས་འཛུགས་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།