ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་པུའུ་ཡིས་རྨོ་ཞིང་ས་རྒྱུའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   ཞིང་ལས་པུའུ་ཡི་རྨོ་ཞིང་སྤུས་ཀའི་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་ལྟེ་གནས་ཉེ་ཆར་བཙུགས་ཏེ། རྨོ་ཞིང་གི་སྤུས་ཀའི་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན། གདེང་འཇོག འཛུགས་སྐྲུན། སྲུང་སྐྱོབ། ལྟ་སྐུལ་བཅས་དང་། དེ་མིན་རྨོ་ཞིང་གི་སྤུས་ཀའི་གཞི་གྲངས་སྟེགས་བུ་འཛུགས་གྲབས་བྱེད་པའི་བྱ་བ་སོགས་བསྒྲུབ་རྒྱུ་དང་། དུས་མཉམ་དུ་རྒྱལ་ཡོངས་ཀྱི་རྨོ་ཞིང་ས་རྒྱུ་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་དང་། ལས་སྒོའི་མཛུབ་སྟོན་བྱ་བ་བསྒྲུབ་རྒྱུ་རེད། རྨོ་ཞིང་གི་སྤུས་ཀའི་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་ལྟེ་གནས་བཙུགས་རྗེས། གཙོ་གནད་དུ་བྱང་ཤར་གྱི་ས་ནག་ངན་འགྱུར་ས་ཁུལ་དང་། ཧྭ་བྱང་གི་ས་འོག་ཆུ་ལེན་མང་དྲགས་པ། ལྷོ་རྒྱུད་ཀྱི་ལྕགས་རིགས་ལྗིད་གྲས་སྦགས་བཙོག་ས་ཁུལ་བཅས་དང་། དེ་མིན་རྨོ་ཞིང་གི་རེས་སྐོར་རྨོ་བསྐྱུར་བྱས་པའི་གནད་ཆེའི་ས་ཁུལ་སོགས་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།