ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་ཨེ་ཅིབ་རྒྱལ་ཁབ་ཀྱི་རྒྱལ་ས་ཁེ་ལོ་ནས་ཚོགས་མགོ་བརྩམས་པའི་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་ནུབ་རྒྱུད་རིག་གནས་ཨེ་ཅིབ་ཏུ་སྐྱོད་པའི་ཞིན་ཅང་གི་ལེའུ་ཞེས་པའི་བྱ་འགུལ་ལ་འཕྲིན་ཡིག་བསྐུར་ནས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉེ་ལམ་ཨེ་ཅིབ་རྒྱལ་ཁབ་ཀྱི་རྒྱལ་ས་ཁ་ལོ་ནས་ཚོགས་མགོ་བརྩམས་པའི་ཉིས་སྟོང་བཅུ་བདུན་ལོའི་ཀྲུང་གོའི་ནུབ་རྒྱུད་རིག་གནས་ཨེ་ཅིབ་ཏུ་སྐྱོད་པའི་ཞིན་ཅང་གི་ལེའུ་ཞེས་པའི་བྱ་འགུལ་ལ་འཕྲིན་ཡིག་བསྐུར་ནས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཡུས་ཀྲིན་ཧྲིན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། ཉིས་སྟོང་བཅུ་གསུམ་ལོར་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་མགོ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད་པ་དང་ཨེ་ཅིབ་སོགས་དར་གོས་ཚོང་ལམ་དང་འབྲེལ་བའི་རྒྱལ་ཁབ་ཀྱིས་མཐོང་ཆེན་བྱེད་ཀྱིན་ཡོད། ཉིས་སྟོང་བཅུ་དྲུག་ལོའི་ལོ་སྟོད་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ལ་ལོ་རྒྱུས་རང་བཞིན་གྱི་འཚམ་འདྲི་བྱས་ཏེ། ཕྱོགས་གཉིས་ཀྱིས་མཉམ་ལས་གྲོས་མཐུན་གལ་ཆེན་རབ་དང་རིམ་པ་བཀོད། ད་ལོའི་ཟླ་ལྔ་བར་ཀྲུང་གོ་སྲིད་གཞུང་གིས་པེ་ཅིན་ནས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཚོགས་འདུ་བསྡུས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེས་འཛམ་གླིང་ཡོངས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པར་སྐྱོད་པར་རྣམ་པ་གསར་བ་འདོན་སྤྲོད་བྱས་པ་དང་ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱས་ཟེར།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་བྱ་འགུལ་སྤེལ་བ་དེས་ཨེ་ཅིབ་ཀྱི་སྤྱི་ཚོགས་ལས་རིགས་སོ་སོར་ཀྲུང་གོའི་ཞིན་ཅང་གི་ཐུན་མོང་མ་ཡིན་པའི་རང་བྱུང་རྣམ་པ་དང་མི་གཞུང་མཛེས་ལྗོངས། མྱུར་དུ་འཕེལ་རྒྱས་སུ་འགྲོ་བའི་དཔལ་འབྱོར་དང་སྤྱི་ཚོགས་དང་ཕུན་སུམ་ཚོགས་པའི་རིག་གནས་ཉིང་བཅུད་མངོན་པར་བྱས་ཏེ། ཨེ་ཅིབ་མི་དམངས་ལ་ཞིན་ཅང་རྒྱུས་ལོན་བྱེད་དུ་འཇུག་པ་དང་། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་ངེས་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།