ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྲན་ཞི་ཞིང་ཆེན་གྱི་ཡང་ལིན་དང་པའོ་ཅི་གྲོང་ཁྱེར་གཉིས་ཀྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强在陕西考察.jpg

ཟླ་བདུན་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧྲན་ཞི་ཞིང་ཆེན་གྱི་ཡང་ལིན་དང་པའོ་ཅི་གྲོང་ཁྱེར་གཉིས་ཀྱི་བྱ་བར་རྟོག་ཞིབ་བྱས།

李克强在陕西考察 1.jpg

ཟླ་བདུན་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཞི་ཞིང་ཆེན་གྱི་ཡང་ལིན་དང་པའོ་ཅི་གྲོང་ཁྱེར་གཉིས་ཀྱི་བྱ་བར་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལིས་ཁི་ཆང་ཧྲན་ཞི་རང་མོས་ཉོ་ཚོང་ཚོད་ལྟའི་ཡང་ལིན་ས་ཁུལ་དུ་སོང་སྟེ་རང་མོས་ཉོ་ཚོང་ས་ཁུལ་གྱིས་འཕྲིན་ཕྲན་བརྒྱུད་དེ་ལག་འཁྱེར་འཛིན་ཡིག་སྒྲུབ་པ་སོགས་ཀྱི་བཅོས་སྒྱུར་བྱེད་ཐབས་ལ་ཁས་ལེན་བྱས། ཁོས་བཤད་རྒྱུར། དབང་གཏོང་དང་དོ་དམ། ཞབས་ཕྱིའི་བཅོས་སྒྱུར་གྱི་གནད་འགག་དེ་མང་ཚོགས་ཀྱིས་གདེང་འཇོག་བྱེད་པའི་ཐད་ནས་མཚོན་པར་བྱེད་དགོས། བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་རྩ་དམའ་ཞིང་ཕྱི་ནང་གི་མ་དངུལ་གཏོང་འདོད་ཡོད་པ་དང་ཕུལ་བྱུང་མི་སྣ་འདུག་འདོད་ཡོད་པའི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བར་ཡིད་འཇོག་བྱེད་བཞིན་ཡོད། ཁོ་རང་ཆིན་ལིན་ཏ་ཝན་ཧི་སྡེ་བའི་ཁྱིམ་ཚང་དུ་སོང་སྟེ་སྡེ་མི་རྣམས་དང་མཉམ་དུ་གླེང་མོལ་བྱས་པ་དང་ཁོ་ཚོའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གཏམ་བཤད་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་སྟེ་སྡེ་མི་བཀོད་སྒྲིག་དང་ལས་ཞུགས་གནད་དོན་འོས་འཚམ་སྒོས་ཐག་གཅོད་དགོས་པར་མ་ཟད་བསམ་ཕྱོགས་གསར་སྐྲུན་བྱས་ཏེ་ཞང་སྡེ་གསར་སྤེལ་བྱ་བ་བཟང་བོར་བསྒྲུབ་པ་དང་། གནས་བབ་བསྟུན་ནས་གནས་སྐོར་ལས་རིགས་དང་ཁྱད་ཆོས་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས། དེ་ལྟར་བྱས་ན་རི་ཁུལ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད་པར་མ་ཟད་གནས་སྤོར་མང་ཚོགས་ལ་ཁེ་ཕན་ངོ་མ་ཐོབ་ཟེར།

པའོ་ཅི་ཝུན་ལུའུ་ཁང་རྙིང་སྒྱུར་བཀོད་ས་ཁུལ་དུ་ལིས་ཁི་ཆང་གིས་ཁང་རྙིང་སྒྱུར་བཀོད་མྱུར་དུ་ལེགས་སྒྱུར་བྱེད་དགོས་པའི་རེ་བ་བཏོན། ཁོས་བཤད་རྒྱུར། ལོ་འགའི་རིང་ལ་ཁང་རྙིང་སྒྱུར་བཀོད་བྱས་པ་བརྒྱུད། རྒྱལ་ཡོངས་སུ་མང་ཚོགས་བྱེ་བ་བརྒྱད་ལྷག་ཁང་བ་གསར་བའི་ནང་གནས་སྤར་ཡོད་ནའང་མང་ཚོགས་བྱེ་བ་འགའ་ད་དུང་ཁང་རྙིང་སྒྱུར་བཀོད་ས་ཁུལ་དུ་བསྡད་ཡོད། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཕེལ་རིམ་དང་མཐུན་པར་བྱས་ཏེ། ཁོ་ཚོའི་གཞི་རྩའི་སྡོད་གནས་ཆ་རྐྱེན་ལེགས་བཅོས་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ཟེར།

ལིས་ཁི་ཆང་གིས་ཧྲན་ཞི་ཞིང་ཆེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཧྲན་ཞི་ཞིང་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་བཅོས་སྒྱུར་གསར་སྐྲུན་བྱས་ནས་ནུབ་རྒྱུད་གསར་སྤེལ་སྒོ་འབྱེད་ཁྲོད་དུ་སྣེ་ཁྲིད་དང་འདེགས་ཤུགས་ནུས་པ་འདོན་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།