ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«གསོ་རིག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ་གསོ་རིག་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«གསོ་རིག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ་གསོ་རིག་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས་ནས། གསོ་རིག་སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས།

«བསམ་འཆར»ལས་བསྟན་དོན། གསོ་རིག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ་གསོ་རིག་སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གསོ་རིག་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ་ནི་སྨན་བཅོས་འཕྲོད་བསྟེན་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏོང་བའི་རྨང་གཞིའི་བཟོ་སྐྲུན་ཡིན་ལ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལས་འགན་གལ་ཆེན་ཡིན་པ་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགན་སྲུང་གལ་ཆེན་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་གསོ་རིག་སློབ་གསོ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དེ་འཕྲོད་བསྟེན་དང་བདེ་ཐང་ལས་དོན་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།

«བསམ་འཆར»ལས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ལས་ཁུངས་ཀྱི་རོགས་ལས་བྱ་བར་ཤུགས་བསྣན་ཏེ་ལག་བསྟར་ཇུས་གཞི་གཏན་འཁེལ་བྱེད་པ་དང་། འགྲོ་གྲོན་དངུལ་གཏོང་འགན་སྲུང་བྱེད་དགོས་ལ། དངོས་འབེབས་བྱ་བ་དམ་འཛིན་བྱས་ནས་ལག་བསྟར་གནས་ཚུལ་དང་གྲུབ་འབྲས་ཐོབ་པར་ལྟ་ཞིབ་དཔྱད་འཇོག་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།