ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། དངོས་སྐྱེལ་སྲོལ་ཡིག་འཆར་ཟིན་ལ་སྤྱི་ཚོགས་ཡོངས་སུ་བསམ་འཆར་བསྡུ་ལེན་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། གསར་སྐྲུན་ཡར་སྐུལ་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་དེ་གཞི་ཁྱོན་སྔར་ལས་ཆེ་ཞིང་རིམ་པ་སྔར་ལས་མང་བ་དང་། ཚད་གཞི་སྔར་ལས་མཐོ་བའི་ཕྱོགས་སུ་ལག་བསྟར་བྱེད་པ་དང་། དེ་ལས་ཞུགས་འགན་སྲུང་དང་རྒྱ་བསྐྱེད་པ་དང་། དཔལ་འབྱོར་སྒྲིག་གཞི་ལེགས་སྒྱུར་བྱེད་པ། གསར་རྙིང་སྒུལ་ནུས་མྱུར་དུ་སྒྱུར་བ། རྒྱལ་དམངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་འགྲོ་བར་ཕན་པ་ཡོད་ཟེར།

ཚོགས་ཐོག་ནས་གྲོས་ཞིབ་བྱས་པའི་དངོས་སྐྱེལ་སྲོལ་ཡིག་འཆར་ཟིན་ལ་སྤྱི་ཚོགས་ཡོངས་སུ་བསམ་འཆར་བསྡུ་ལེན་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།