ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཁབ་བརྒྱད་ཀྱིས་གསར་དུ་བསྐོས་པའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ7པའི་ཚེས12ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་བརྒྱད་ཀྱིས་གསར་དུ་བསྐོས་པའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས།

པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོ་ཕྱི་རོལ་རྡོ་སྐས་སྟེང་གུས་ཞབས་དམག་མི་ཕྱོགས་གཉིས་སུ་བགོས་ཏེ་དྲང་མོར་ལངས། གསར་དུ་བསྐོས་པའི་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་སྔ་གཞུག་ཏུ་རྡོ་སྐས་བརྒྱུད་དེ་པེ་ཅིན་ཚོམས་ཁང་དུ་བསླེབས། གཞུང་ཚབ་པ་ཚོས་རིམ་པ་བཞིན་དུ་ཞི་ཅིན་ཕིང་ལ་རྒྱལ་ཡིག་སྤྲད་པ་དང་། ཞི་ཅིན་ཕིང་གིས་ཁོ་ཚོ་དང་རེ་རེ་བཞིན་ཕྱག་འཇུ་བྱས་པར་མ་ཟད་མཉམ་དུ་པར་བླངས། གསར་དུ་བསྐོས་པའི་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་བརྒྱད་པོ་ནི་ཨར་པ་ཉི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལའོ་ཨར་ཐ་ཡ་དང་། མོ་ཞི་ཁོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་པེ་ཨར་ན་ཨར། ཅི་ཨར་ཅི་སི་སི་ཐན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཕ་ལ་དབྱི། ཅ་ནའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་པའོ་ཨ་ཐིན། ཨ་མེ་རི་ཁའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་པུའུ་ལན་སི་ཐ་ཏི། ཧྥ་རན་སིའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལིས་ཞང་། ཁོ་སི་ཐ་རི་ཁའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལའོ་ཏི་ལི་ཀི་སི་བཅས་རེད།

ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ་ཀྲུང་གོར་འགན་འཁྲི་ལག་བསྟར་བྱེད་པར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཁོ་ཚོ་བརྒྱུད་དེ་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མི་དམངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོས་འགན་འཁྲི་ལག་བསྟར་བྱེད་པར་མཐུན་རྐྱེན་སྐྲུན་པ་དང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གཞུང་ཚབ་ཆེན་མོ་སོ་སོས་འབྲེལ་འདྲིས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་འཇོག་དགོས་པའི་རེ་བ་བཏོན་པར་མ་ཟད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱལ་ཁབ་སོ་སོའི་འབྲེལ་བ་བཟང་བོ་དང་སྲོལ་རྒྱུན་མཛའ་བཤེས་ལ་གདེང་འཇོག་བཟང་བོ་བྱས། ཁོས་ཀྲུང་གོས་རྒྱལ་ཁབ་སོ་སོའི་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་དམ་དུ་གཏོང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་བསྟན།

རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོས་རང་ཉིད་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས་པ་དང་། རྒྱལ་ཁབ་སོ་སོས་ཀྲུང་གོ་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། མི་དམངས་བར་གྱི་མཛའ་བཤེས་ལ་གཅེས་སྤྲས་བྱས་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སོགས་ཀྱི་ཁྲོད་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་བ་བྱེད་ཀྱིན་ཡོད་ཅེས་བཤད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།